མཆན་བུ། ཚན་པ་གཉིས།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
ཁ་བདེས་ཚིག་འབྲུ་རླུང་ལ་བསྐུར་ནས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
དཀའ་ཚེགས་ཆེ་བའི་ལས་དོན་འདི་ནི།།
ཁ་བཤད་ཁོ་ནས་བསྒྲུབ་རྒྱུ་མ་རེད།།
ལམ་སྟོན་མེད་པའི་དགག་རྒྱག་རིང་མོས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།།
གལ་གནད་ཆེ་བའི་ལས་དོན་འདི་ནི།།
ཨ་སྒོར་ཡུ་སྒོར་གསག་ས་མ་རེད།།
བསམ་བློ་མེད་པའི་ལྕེ་རྩེ་ངར་མས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།།
རིན་ཐང་ཆེ་བའི་ལས་གནས་འདི་ནི།།
གོ་ས་དཔོན་ས་རྩོད་ས་མ་རེད།།
ཉམས་མྱོང་མེད་པའི་འཇོན་འཇོན་བཤད་ནས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
མི་རིགས་འཛིན་པའི་ལས་དོན་འདི་ལ།།
ཕྱོགས་མཐའ་ཀུན་ནས་རྒྱབ་སྐྱོར་དགོས་ཀྱི།།
སེང་སེང་ཡོད་ཚད་ནོར་འཁྲུལ་གླེང་ནས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
སྲོག་རྩ་ལྟ་བུའི་ལས་དོན་འདི་ལ།།
སུ་དང་གང་གིས་མཐུན་འགྱུར་གནང་རོགས།
༢༠༡༦།༡༡།༢༣ ཉིན།
རིགས་གྲོལ།
མཆན་བུ་འགའ།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
བྱས་བྱས་བཏང་བཏང་འཆད་མཁན་མང་མང་རེད།།
གྲུབ་འབྲས་བསྟན་རྒྱུ་ཡོད་པ་ཉུང་ཉུང་རེད།།
དེ་ལ་བསམས་ན་སྙིང་ཆུང་ཇེ་ན་རེད།།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
གཞན་ལ་ཇུས་གཏོགས་བྱེད་མཁན་ཇེ་མང་རེད།།
རང་གི་ལས་དོན་སྒྲུབ་མཁན་ཇེ་ཉུང་རེད།།
དེ་ཚོ་མཐོང་ན་ཞེན་པ་ཇེ་ལོག་རེད།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
གཞན་ལ་ཁ་རྡུང་གཏོང་མཁན་ཇེ་མང་རེད།།
རང་ལ་དཔྱད་པ་གཏོང་མཁན་ཇེ་ཉུང་རེད།།
དེ་དག་མཐོང་ན་གད་མོ་ཇེ་ཤོར་རེད།།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
འུར་གཏམ་འཆལ་གཏམ་སྤེལ་མཁན་ཇེ་མང་རེད།།
གནས་ལུགས་བདེན་པ་ཤེས་མཁན་ཇེ་ཉུང་རེད།།
འདི་དག་བསམས་ན་མགོ་བོ་ཇེ་ན་རེད།།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
ཕྱོགས་ཞེན་འཐེན་འཁྱེར་ཅན་པོ་ཇེ་མང་རེད།།
མི་རིགས་ལ་རྒྱ་སེམས་མཁན་ཇེ་ཉུང་རེད།།
དེ་ཚོ་དྲན་ན་རེ་བ་ཇེ་དམའ་རེད།།
2017/01/02 ཉིན།
ཁ་བདེས་ཚིག་འབྲུ་རླུང་ལ་བསྐུར་ནས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
དཀའ་ཚེགས་ཆེ་བའི་ལས་དོན་འདི་ནི།།
ཁ་བཤད་ཁོ་ནས་བསྒྲུབ་རྒྱུ་མ་རེད།།
ལམ་སྟོན་མེད་པའི་དགག་རྒྱག་རིང་མོས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།།
གལ་གནད་ཆེ་བའི་ལས་དོན་འདི་ནི།།
ཨ་སྒོར་ཡུ་སྒོར་གསག་ས་མ་རེད།།
བསམ་བློ་མེད་པའི་ལྕེ་རྩེ་ངར་མས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།།
རིན་ཐང་ཆེ་བའི་ལས་གནས་འདི་ནི།།
གོ་ས་དཔོན་ས་རྩོད་ས་མ་རེད།།
ཉམས་མྱོང་མེད་པའི་འཇོན་འཇོན་བཤད་ནས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
མི་རིགས་འཛིན་པའི་ལས་དོན་འདི་ལ།།
ཕྱོགས་མཐའ་ཀུན་ནས་རྒྱབ་སྐྱོར་དགོས་ཀྱི།།
སེང་སེང་ཡོད་ཚད་ནོར་འཁྲུལ་གླེང་ནས།།
བོད་ཡིག་དགེ་རྒན་སེམས་ཤུགས་མ་གཅོག།
སྲོག་རྩ་ལྟ་བུའི་ལས་དོན་འདི་ལ།།
སུ་དང་གང་གིས་མཐུན་འགྱུར་གནང་རོགས།
༢༠༡༦།༡༡།༢༣ ཉིན།
རིགས་གྲོལ།
མཆན་བུ་འགའ།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
བྱས་བྱས་བཏང་བཏང་འཆད་མཁན་མང་མང་རེད།།
གྲུབ་འབྲས་བསྟན་རྒྱུ་ཡོད་པ་ཉུང་ཉུང་རེད།།
དེ་ལ་བསམས་ན་སྙིང་ཆུང་ཇེ་ན་རེད།།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
གཞན་ལ་ཇུས་གཏོགས་བྱེད་མཁན་ཇེ་མང་རེད།།
རང་གི་ལས་དོན་སྒྲུབ་མཁན་ཇེ་ཉུང་རེད།།
དེ་ཚོ་མཐོང་ན་ཞེན་པ་ཇེ་ལོག་རེད།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
གཞན་ལ་ཁ་རྡུང་གཏོང་མཁན་ཇེ་མང་རེད།།
རང་ལ་དཔྱད་པ་གཏོང་མཁན་ཇེ་ཉུང་རེད།།
དེ་དག་མཐོང་ན་གད་མོ་ཇེ་ཤོར་རེད།།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
འུར་གཏམ་འཆལ་གཏམ་སྤེལ་མཁན་ཇེ་མང་རེད།།
གནས་ལུགས་བདེན་པ་ཤེས་མཁན་ཇེ་ཉུང་རེད།།
འདི་དག་བསམས་ན་མགོ་བོ་ཇེ་ན་རེད།།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་།།
ཕྱོགས་ཞེན་འཐེན་འཁྱེར་ཅན་པོ་ཇེ་མང་རེད།།
མི་རིགས་ལ་རྒྱ་སེམས་མཁན་ཇེ་ཉུང་རེད།།
དེ་ཚོ་དྲན་ན་རེ་བ་ཇེ་དམའ་རེད།།
2017/01/02 ཉིན།
Comments