ཉིན་ཐོ།
ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་སྐོར་ཟབ་སྦྱོང་སྐབས་ཀྱི་ཚོར་སྣང་།།
ཉིན་དང་པོ། ༢༠༡༧།༡༢།༢༤
བྱིས་པ་སེམས་མེད་ཨེ་ཡིན་ནམ།།
དུས་ཀྱི་འགྱུར་བ་ཡིན་པ་འོ།།
རྒས་པོའི་སྤྱོད་ལ་རོལ་བ་དག།
སུ་ཡི་མིག་ལ་མཛེས་སོང་ཨང་།།
ཁྱོད་ཀྱི་འཚར་ལོངས་མཛེས་པོ་དེར།།
སྤྲིན་པའི་ཡོལ་བ་མཐུག་དོན་ཅི།།
དགོས་མཁོ་ཞེས་པའི་བར་སྣང་ན།།
ལམ་སྟོན་ཆར་པ་བབ་དོན་ཅི།།
ལྗང་དུས་ལྡེམ་ལྡེམ་གཡོ་བ་དེ།།
རླུང་བུའི་གཡོ་ཕྱོགས་ཡིན་པར་ངེས།།
དོན་གྱི་ཞིང་ས་རལ་པོ་དེར།།
སུ་ཡི་ཡིག་འབྲུའི་ལོ་ཏོག་ཡོད།།
ཉིན་གཉིས་པ། ༡༢།༢༥
རི་མོ་བྲིས་པ་མཛེས་སོང་བ།།
ཤོག་བུ་དཀར་བས་ཡིན་ནམ་ཀྱེ།།
འགུལ་བའི་སྨྱུ་གུ་མེད་སོང་ན།།
བྱེད་པོ་ཞེས་པ་སུ་ཞིག་རེད།།
ཤོག་བུ་དཀར་བ་རྒྱུ་ཙམ་ལ།།
རི་མོ་མཛེས་རྒྱུ་ཅི་ལ་ངེས།།
སྒྱུ་རྩལ་ཟེར་བའི་ཁ་དོག་དེ།།
ཇི་ཙམ་འགུལ་བ་དེ་ཙམ་མོ།།
ནམ་མཁའ་ཞེས་པའི་རྒས་མོ་དེ།།
ཇི་ཙམ་མཐོ་བ་མི་ཤེས་ཀྱང་།།
སྤྲིན་པོ་ནག་པོ་འཁོར་བ་དེ།།
བདག་གི་མིག་ལ་གཟན་ཙམ་བྱུང་།།
དུས་ཀྱི་ཡོལ་བ་ནག་པོ་དེར།།
ལམ་སྟོན་ཇེམ་ཙེ་མཛེས་བྱུང་ཨང་།།
སྤྲིན་པ་ནག་པོས་ཆར་བབས་རྗེས།།
སངས་པ་ཞེས་བྱ་མཐོང་ཙམ་བྱུང་།།
ཉིན་གསུམ་པ། ༡༢།༢༦
མཐོ་བ་ནམ་མཁར་དམིགས་པ་ལ།།
བར་སྣང་ཞེས་པའི་སྟེགས་བུ་དགོས།།
སྤྲིན་པ་མཐུག་ཙམ་མེད་གྱུར་ན།།
རྨི་ལམ་ལང་ལོང་འབའ་ཞིག་གོ།།
ཆར་གྱི་ཐིགས་པ་མེད་འགྱུར་ན།།
ས་གཞི་བརླན་པ་མི་འདུག་གམ།།
བར་སྣང་སྐམ་པོར་ལྷག་འགྱུར་ན།།
རླུང་བུ་བསིལ་བ་ཨེ་ཡོང་ངམ།།
ལྷག་པ་ཚ་ཙམ་མ་ལྡང་ན།།
སིར་སྒྲ་འདི་ཡིས་ཅི་ཞིག་མཚོན།།
འུར་ཙམ་འུར་ཙམ་བྱེད་པ་དེ།།
མདུན་དུ་མྱུར་འདོད་ཨེ་ཡིན་ནམ།།
ཉིན་བཞི་པ། ༡༢།༢༧
སེམས་པ་འཕུར་བ་མགྱོགས་ན་ཡང་།།
ལུས་པོས་འགུལ་བ་ཇེ་དལ་རེད།།
ལུས་སེམས་གཉིས་ཀྱི་བར་ཁྱད་དེར།།
འབྲེལ་བའི་རྒྱུ་ནི་ཅི་ཞིག་མཆིས།།
ཁ་པར་སྒྲ་དབྱངས་ཇེ་ཅེ་ཡང་།།
དོན་མེད་སྐད་དེས་ཅི་ཞིག་མཚོན།།
ཁྱེད་རང་སེམས་ལ་བབས་སོང་ན།།
བདེན་པ་ཞེས་པ་ཚད་ཅིག་རེད།།
དོན་ལ་ངེས་པ་མེད་པ་དེ།།
སྐད་ཆ་ཞེས་པའི་དབྱངས་ཙམ་རེད།།
དེ་ལ་ཉན་པ་བདེན་པ་འམ།།
ཡང་ན་སྙན་པ་ཙམ་ཞིག་གོ།།
བདེེན་པ་ཞེས་པ་སྒྲ་ཙམ་ན།།
དོན་ལ་སུ་ཡིས་ངེས་པར་སྟོན།།
དེ་ན་རླུང་གི་གཡུག་ཕྱོགས་ལས།།
ཀླད་རྩ་འགུལ་བ་ཙམ་ཞིག་གོ།།
སྒྲ་ཙམ་རྣ་ལ་སྙན་སོང་ན།།
དབྱངས་ལ་གཅིག་པོར་མི་ཉན་ནམ།།
ནང་ལ་འགྱུར་བ་མེད་སོང་ན།།
རྣ་བ་ཙམ་གྱི་ལོངས་སྤྱོད་དོ།།
ཉིན་དང་པོ། ༢༠༡༧།༡༢།༢༤
བྱིས་པ་སེམས་མེད་ཨེ་ཡིན་ནམ།།
དུས་ཀྱི་འགྱུར་བ་ཡིན་པ་འོ།།
རྒས་པོའི་སྤྱོད་ལ་རོལ་བ་དག།
སུ་ཡི་མིག་ལ་མཛེས་སོང་ཨང་།།
ཁྱོད་ཀྱི་འཚར་ལོངས་མཛེས་པོ་དེར།།
སྤྲིན་པའི་ཡོལ་བ་མཐུག་དོན་ཅི།།
དགོས་མཁོ་ཞེས་པའི་བར་སྣང་ན།།
ལམ་སྟོན་ཆར་པ་བབ་དོན་ཅི།།
ལྗང་དུས་ལྡེམ་ལྡེམ་གཡོ་བ་དེ།།
རླུང་བུའི་གཡོ་ཕྱོགས་ཡིན་པར་ངེས།།
དོན་གྱི་ཞིང་ས་རལ་པོ་དེར།།
སུ་ཡི་ཡིག་འབྲུའི་ལོ་ཏོག་ཡོད།།
ཉིན་གཉིས་པ། ༡༢།༢༥
རི་མོ་བྲིས་པ་མཛེས་སོང་བ།།
ཤོག་བུ་དཀར་བས་ཡིན་ནམ་ཀྱེ།།
འགུལ་བའི་སྨྱུ་གུ་མེད་སོང་ན།།
བྱེད་པོ་ཞེས་པ་སུ་ཞིག་རེད།།
ཤོག་བུ་དཀར་བ་རྒྱུ་ཙམ་ལ།།
རི་མོ་མཛེས་རྒྱུ་ཅི་ལ་ངེས།།
སྒྱུ་རྩལ་ཟེར་བའི་ཁ་དོག་དེ།།
ཇི་ཙམ་འགུལ་བ་དེ་ཙམ་མོ།།
ནམ་མཁའ་ཞེས་པའི་རྒས་མོ་དེ།།
ཇི་ཙམ་མཐོ་བ་མི་ཤེས་ཀྱང་།།
སྤྲིན་པོ་ནག་པོ་འཁོར་བ་དེ།།
བདག་གི་མིག་ལ་གཟན་ཙམ་བྱུང་།།
དུས་ཀྱི་ཡོལ་བ་ནག་པོ་དེར།།
ལམ་སྟོན་ཇེམ་ཙེ་མཛེས་བྱུང་ཨང་།།
སྤྲིན་པ་ནག་པོས་ཆར་བབས་རྗེས།།
སངས་པ་ཞེས་བྱ་མཐོང་ཙམ་བྱུང་།།
ཉིན་གསུམ་པ། ༡༢།༢༦
མཐོ་བ་ནམ་མཁར་དམིགས་པ་ལ།།
བར་སྣང་ཞེས་པའི་སྟེགས་བུ་དགོས།།
སྤྲིན་པ་མཐུག་ཙམ་མེད་གྱུར་ན།།
རྨི་ལམ་ལང་ལོང་འབའ་ཞིག་གོ།།
ཆར་གྱི་ཐིགས་པ་མེད་འགྱུར་ན།།
ས་གཞི་བརླན་པ་མི་འདུག་གམ།།
བར་སྣང་སྐམ་པོར་ལྷག་འགྱུར་ན།།
རླུང་བུ་བསིལ་བ་ཨེ་ཡོང་ངམ།།
ལྷག་པ་ཚ་ཙམ་མ་ལྡང་ན།།
སིར་སྒྲ་འདི་ཡིས་ཅི་ཞིག་མཚོན།།
འུར་ཙམ་འུར་ཙམ་བྱེད་པ་དེ།།
མདུན་དུ་མྱུར་འདོད་ཨེ་ཡིན་ནམ།།
ཉིན་བཞི་པ། ༡༢།༢༧
སེམས་པ་འཕུར་བ་མགྱོགས་ན་ཡང་།།
ལུས་པོས་འགུལ་བ་ཇེ་དལ་རེད།།
ལུས་སེམས་གཉིས་ཀྱི་བར་ཁྱད་དེར།།
འབྲེལ་བའི་རྒྱུ་ནི་ཅི་ཞིག་མཆིས།།
ཁ་པར་སྒྲ་དབྱངས་ཇེ་ཅེ་ཡང་།།
དོན་མེད་སྐད་དེས་ཅི་ཞིག་མཚོན།།
ཁྱེད་རང་སེམས་ལ་བབས་སོང་ན།།
བདེན་པ་ཞེས་པ་ཚད་ཅིག་རེད།།
དོན་ལ་ངེས་པ་མེད་པ་དེ།།
སྐད་ཆ་ཞེས་པའི་དབྱངས་ཙམ་རེད།།
དེ་ལ་ཉན་པ་བདེན་པ་འམ།།
ཡང་ན་སྙན་པ་ཙམ་ཞིག་གོ།།
བདེེན་པ་ཞེས་པ་སྒྲ་ཙམ་ན།།
དོན་ལ་སུ་ཡིས་ངེས་པར་སྟོན།།
དེ་ན་རླུང་གི་གཡུག་ཕྱོགས་ལས།།
ཀླད་རྩ་འགུལ་བ་ཙམ་ཞིག་གོ།།
སྒྲ་ཙམ་རྣ་ལ་སྙན་སོང་ན།།
དབྱངས་ལ་གཅིག་པོར་མི་ཉན་ནམ།།
ནང་ལ་འགྱུར་བ་མེད་སོང་ན།།
རྣ་བ་ཙམ་གྱི་ལོངས་སྤྱོད་དོ།།
Comments