ཤིས་ཚིག་ཚན་པ་གསུམ།
མེ་མོ་བྱ།
ལྷེམ་ལྷེམ་འབར་བའི་མེ་ལྕེ་དམར་མོ་ཞིག།
ཐག་རིང་ཞིག་ནས་ཚུར་ལ་འུར་ཡོང་བ།།
ལོ་མཐའི་སྲང་ལམ་འགགས་པའི་སྙིགས་རོ་དག།
སྲེག་པས་གཙང་བར་བྱ་བའི་ཆེད་དུ་འོ།།
ལྷེམ་ལྷེམ་འབར་བའི་མེ་ལྕེ་དམར་མོ་ཞིག།
ཐག་རིང་ཞིག་ནས་ཚུར་ལ་འུར་ཡོང་བ།།
ལོ་མཐའི་སྲང་ལམ་འགགས་པའི་སྙིགས་རོ་དག།
སྲེག་པས་གཙང་བར་བྱ་བའི་ཆེད་དུ་འོ།།
བར་སྣང་ལྡིང་བའི་ལྷ་བྱ་དཀར་མོ་ཞིག།
ཐག་རིང་ཞིག་ནས་འདི་ཕྱོགས་འཕུར་ཡོང་བ།།
ལོ་འགོའི་ལམ་ཆེན་ཡངས་པའི་རྩེ་མོ་ནས།།
ཞི་བའི་རི་མོ་བྲི་བའི་ཆེད་དུ་འོ།།
དྭངས་ཤིང་གསལ་བའི་བཀྲ་ཤིས་སྔ་ལྟས་ཤིག།
ཐག་རིང་ཞིག་ནས་འདི་ན་བཞད་ཡོང་བ།།
འཇིག་རྟེན་ས་ཡི་དཀྱིལ་འཁོར་མ་ལུས་པར།།
བདེ་ལེགས་གཡང་གིས་བསུ་བའི་ཆེད་དུ་འོ།།
༢༠༡༧།༠༢།༢༡ ཞོགས་པ།
ལོ་གསར།
རིགས་གྲོལ།
མཆོང་ཙམ་མཆོང་ཙམ་རྒྱུག་ཙམ་རྒྱུག་ཙམ་གྱིས།།
མེ་ལྕེ་དམར་པོར་རྩེས་ཤིང་རྩེ་བཞིན་དུ།།
ཕྱིར་མིག་མེད་པར་མདུན་དུ་མྱུར་འགྲོ་བའི།།
སྤྲེལ་རྒན་ཁྱོད་ཀྱིས་བདག་ལ་ཅི་ཞིག་བཞག།
འཕུར་ཙམ་འཕུར་ཙམ་ལྡིང་ཙམ་ལྡིང་ཙམ་གྱིས།།
མེ་འབར་ནོར་བུ་བསྐོར་ཞིང་སྐོར་བཞིན་དུ།།
ལྡོད་དལ་མེད་པར་མདུན་དུ་བསླེབ་ཡོང་བ།།
ལྷ་བྱ་ཁྱོད་ཀྱིས་བདག་ལ་ཅི་ཞིག་འཁྱེར།།
ལོ་ཟླའི་འཁོར་ལོ་འཁོར་ཞིང་འཁོར་བཞིན་འགྲོ།།
སུམ་བརྒྱ་རེ་ལྔ་མྱུར་གྱིས་བགྲངས་ནས་ཕྱིན།།
རྟག་འཛིན་སེམས་ཀྱི་འཆིང་བ་མ་འགྲོལ་གོང་།།
བདག་གི་མགོ་སྤུ་སྔོ་སྐྱའི་གྲོང་དུ་གཏོང་།།
དགའ་ཞིང་མགུ་བས་བསུ་མ་བྱེད་ལུགས་འདི།།
ལོ་འགོ་ཚེས་པའི་རྟེན་འབྲེལ་ཡིན་ན་ཐང་།།
ཚེ་ཐག་ཟེར་བའི་ལས་ཀྱི་ཞགས་པ་འདི།།
རྫོས་ཉེའི་མཚམས་སུ་འགྲོ་བ་སུ་ཡིས་རྟོགས།།
༢༠༡༧།༠༢།༢༢ ཉིན།
ལོ་གསར། (བཀྲ་ཤིས་ཁ་གཡང་།)
རིགས་གྲོལ།
བཀྲ་ཤིས་གནམ་ལོ་གསར་དུ་ཚེས་སོ་བར་སྣང་ཡོངས་སུ་དགེ་ཞིང་བཀྲ།།
བཀྲ་ཤིས་གྲོ་སོ་ཕྱེ་མར་མཆོད་དོ་མགོན་དང་སྐྱབས་དག་རྣམ་པར་བཀྲ།།
བཀྲ་ཤིས་ལྷ་དང་སྲུང་མ་བྱོན་ནོ་ལས་ངན་བར་ཆད་ལྡོག་ཕྱིར་བཀྲ།།
བཀྲ་ཤིས་ས་གཞི་ཀུན་ལ་ཁྱབ་བོ་འཇིག་རྟེན་ཞི་བདེ་ཡོང་ཕྱིར་བཀྲ།།
བདེ་ལེགས་མགོན་ཁྱོད་སྐུ་ཁམས་བདེ་འོ་ཞབས་པད་ཡུན་རིང་བསྟན་ཕྱིར་བདེ།།
བདེ་ལེགས་མི་རྗེའི་ལུས་ཁམས་བདེ་འོ་སྲིད་ཀྱི་བྱ་བ་འཕེལ་ཕྱིར་བདེ།།
བདེ་ལེགས་ཕ་མའི་སེམས་ཁམས་བདེ་འོ་མེས་པོའི་ཞབས་རྗེས་གནས་ཕྱིར་བདེ།།
བདེ་ལེགས་ན་ཟླའི་ཚོགས་རྣམས་བདེ་འོ་མི་རིགས་དར་ཞིང་རྒྱས་ཕྱིར་བདེ།།
ཕུན་ཚོགས་སྡེར་ཁའི་ཁ་ཟས་བསྒྲིགས་ཡོད་ཞིམ་མངར་བཅུས་ཀྱིས་ཕུན་སུམ་ཚོགས།།
ཕུན་ཚོགས་ཇ་ཡིས་མཆོད་པ་བཤམས་ཡོད་མར་གྱི་རོ་མཆོག་ཕུན་སུམ་ཚོགས།།
ཕུན་ཚོགས་ཆང་གིས་མཆོད་པ་བཤམས་ཡོད་བདུད་རྩིའི་མྱོས་བྱེད་ཕུན་སུམ་ཚོགས།།
ཕུན་ཚོགས་སིལ་ཏོག་མཆོད་པ་བཤམས་ཡོད་མངར་སྐྱུར་བྲོ་བ་ཕུན་སུམ་ཚོགས།
བཀྲ་ཤིས་དབྱངས་ཀྱིས་མཆོད་པ་ཕུལ་ལོ་བླ་མའི་མཛད་འཕྲིན་བདེ་ལེགས་ཤོག།
བཀྲ་ཤིས་བྲོ་ཡི་རྟེན་འབྲེལ་བསྒྲིགས་ཡོད་རྒྱལ་བསྟན་ཡོངས་རྫོགས་བདེ་ལེགས་ཤོག།
བཀྲ་ཤིས་ཚིག་གིས་ཁ་གཡང་བསྒྲགས་ཡོད་མི་རིགས་དར་བའི་བདེ་ལེགས་ཤོག།
བཀྲ་ཤིས་སེམས་ཀྱི་རེ་སྨོན་བཏབ་ཡོད་བསམ་པའི་རེ་དོན་བདེ་ལེགས་ཤོག།
བཀྲ་ཤིས་བོད་ཀྱི་ལོ་གསར་འདི་ལ་ཟས་དང་གོས་ཀྱིས་ཕུན་ཚོགས་ཤོག།
བཀྲ་ཤིས་ཕུ་ནུ་མི་སྲིང་བར་ལ་མི་འགྱུར་དམ་ཚིག་ཕུན་ཚོགས་ཤོག།
བཀྲ་ཤིས་སྐད་དང་ཡི་གེ་གཉིས་པོ་མི་ཉམས་རྒྱུན་གནས་ཕུན་ཚོགས་ཤོག།
བཀྲ་ཤེས་ཀུན་ཏུ་དགེ་ལེགས་བྱུང་སྟེ་ས་དང་གནམ་ཡང་ཕུན་ཚོགས་ཤོག།
༢༠༡༧།༠༢།༢༣ ཉིན།

Comments