དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།

གསུམ་པ། (དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་གི་གདན་རབས་རིམ་བྱུང་གིས་རྒྱ་བསྐྱེད་ཇི་ལྟར་བཏང་བའི་ལོ་རྒྱུས་མེས་པོའི་ཞལ་རྒྱུན།)
གདན་རབས་དང་པོ། དགེ་བཤེས་སྤྱན་སྔ་པའི་དངོས་སློབ་དོ་མེད་བཞི་ཡི་ཡ་གྱལ། དགེ་བཤེས་བྱ་ཡུལ་བ་གཞོན་ནུ་འོད། འདི་པའི་དུས་སུ་ཁྲོ་བོ་མི་གཡོ་བའི་གྲུབ་ཆུ་དཀྱིལ་དུ་ཡོད་པའི་ཀླུ་འབུམ་ཁང་ཀ་བ་བཅུ་དྲུག་ཅན། སྒོ་འདུ་ཁང་དུ་ཕྱོགས་པ། རྩིག་པ་ནུབ་ངོས་སུ་བསྟན་པ་བཞེངས། ཀླུ་འབུམ་ཁང་ཞེས་པ་ཁ་སྐད་ཡིན་པ་ལས་དེབ་ཐེར་ཁག་ན་གློ་འབུར་ཁང་ཞེས་གསལ།
གདན་རབས་དགུ་པ། གཙང་པ་ཆོས་སེང་། འདི་པའི་དུས་སུ་ལོ་དགོན་དབུ་རྩེ་སྨད་ཀ་བ་དྲུག་ཅན་བཞེངས།
གདན་རབས་བཅུ་གཅིག་པ། ཁམས་ལུང་པ་རིན་ཆེན་སེང་གེ། འདི་པའི་དུས་སུ་དགོན་པའི་གླིང་རྒྱ་བསྐྱེད་དང་། ཁྱམས་ར་སྨད་གསར་བཞེངས།དེ་སྔོན་ལོ་དགོན་པར་གོས་སྐུ་གཉིས་ཡོད་པ་ལས་སྔ་མ་གནས་བརྟན་བཅུ་དྲུག་གི་གོས་སྐུ་གསར་བཞེངས་མཛད། དགེ་བཤེས་སྤྱན་སྔ་པའི་སྒྲུབ་ཁང་རྒྱ་བསྐྱེད་དང་། ཅན་དན་གྲུབ་ཤིང་ལ་ཀུན་དགའ་ར་བ་ཕུལ།
གདན་རབས་བཅུ་དྲུག་པ། སངས་རྒྱས་དབོན་པོ་གཞོན་ནུ་སྨོན་ལམ། འདི་པའི་དུས་སུ་ལོ་དགོན་པ་ཧ་ཅང་དར་ཞིང་རྒྱས་ནས་གདན་ས་ཡང་གོང་གྲྭ་ཚང་། ཁང་པ་ཆེ་གྲྭ་ཚང་། བྱང་པ་གྲྭ་ཆང་བཅས་གྲྭ་ཚང་གསུམ་བྱུང་ནས། བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་སྤེལ་བར་མཛད།
གདན་རབས་ཉེར་གཉིས་པ། བྱམས་མགོན་གཉིས་པ་ཚུལ་ཁྲིམས་དག། འདི་པའི་དུས་སུ་སྤྱིར་ལོ་དགོན་དེ་བཀའ་གདམས་པའི་དགོན་པར་སོང་གར་འཆམ་མེད་པ་ལ། འབྲི་གུང་བཀའ་བརྒྱུད་དང་། རྙིང་མའི་ལུགས་ཀྱི་གར་འཆམ་གསར་གཏོད་མཛད།
གདན་རབས་ཉེར་གསུམ་པ། ཁ་སྐད་དུ་སྤྱན་སྔ་བསོད་ནམས་ལྷ་དབང་དུ་གྲགས་པ། ཆོས་ཀྱི་རྒྱལ་པོ་བསོད་ནམས་ལྷའི་དབང་པོ། འདི་པའི་དུས་ཅུང་ཉམས་པ་ལྟ་བུས་གྲྭ་ཚང་གསུམ་གཅིག་ཏུ་བསྒྲིལ། སྔར་དགེ་བཤེས་སྤྱན་སྔ་པས་བཞེངས་པའི་ཕྱིའི་ལྕགས་རི་ལ་ཉམས་གསོ་མཛད། ཆོས་བརྒྱུད་ས་སྐྱར་བསྒྱུར་ནས་ལྕགས་རིའི་མཚོན་མདོག་ཀྱང་དམར་པོ་ནས་ས་ལུགས་ཀྱི་དཀར་དམར་སྦྲེལ་མར་བསྒྱུར། ( སྐབས་དེ་ཕལ་ཆེར་ས་སྐྱས་བོད་དབང་སྒྱུར་བྱེད་པའི་དུས་ཡིན།) དེ་བཞིན་ས་ལུགས་ཀྱི་མགོན་པོ་གུར་དང་། མགོན་པོ་ཞལ་གྱི་གར་འཆམ་གསར་གཏོད་མཛད་པས། དེ་ནས་ལོ་དགོན་པར་དུས་ངེས་མེད་དུ་ས་སྐྱ་དང་། རྙིང་མ། འབྲི་གུང་ལུགས་གར་འཆམ་འཁྲབ་སྲོལ་དར་འདུག།
གདན་རབས་ཉེར་བཞི་པ། གཅུང་བསོད་ནམས་རྒྱལ་མཚན། འདི་པའི་དུས་སུ་ས་ལུགས་ཀྱི་ཆོ་ག་ཆེར་དར་ནས་དགོན་པའི་ཆོ་གའི་ནང་ཀྱེ་རྡོར་དང་ང་། གཤིན་རྗེའི་གཤེད་སྐོར་སོགས་ཀྱི་སྒྲུབ་ཆོག་དར་ཁྱབ་བྱུང་། ལོ་བླ་བྲང་ཀ་བཞི་གདུང་བརྒྱད། ཤར་ཕྱོགས་སུ་འདུ་ཁང་ཡོད་པ་གསར་བཞེངས་མཛད།
གདན་རབས་ཉེར་བརྒྱད་པ། ལོ་སེམས་དཔའ་ངག་དབང་ཕུན་ཚོགས་རྣམ་རྒྱལ། འདི་པའི་དུས་སུ་བར་སྐབས་ས་སྐྱ་དང་། འབྲི་གུང་ཆོས་བརྒྱུད་དར་ཡོད་པ་ལས་རི་བོ་དགེ་ལུགས་པར་བསྒྱུར། དགེ་ལྡན་པའི་བཤད་སྒྲུབ་རྒྱ་ཆེར་སྤེལ། ལོ་བླ་བྲང་རྒྱ་བསྐྱེད་དང་། ཆོས་ར་གསར་བཙུགས་མཛད།
གདན་རབས་སོ་གསུམ་པ། རྗེ་བཙུན་སེམས་དཔའ་ཆེན་པོ་བློ་བཟང་བཤེས་གཉེན་གྲགས་པ་རྣམ་རྒྱལ། ཁོང་ནི་ལོ་རང་གི་གསེར་ཁང་འོག་མ་ཞེས་པའི་ཁྱིམ་དུ་འཁྲུངས། འཁྲུངས་སའི་ཁྱིམ་ད་ལྟ་ཡང་གནས་ཡོད། ཁང་པ་ཐོག་བརྩེགས་ཉིས་ཐོག་ཅན། ཐོག་ཁའི་ཤར་ངོས་དེར་ཁང་པ་ཤེལ་ཁྲ་ཤར་ལ་ཕྱོགས་པ་ཞིག་ཡོད་པ་དེར་འཁྲུངས་པར་གྲགས། མཚན་གཞན་ལ་སེམས་པ་སྨྱོན་པ་ཡང་འབོད། ཆུང་དུས་ཤིག་ལ་ཡུམ་གུག་པའི་ནང་དུ་རི་ཤིང་འཐུ་རུ་སོང་སྟེ་ཤར་གྱི་རི་ངོས་ནས་མར་ལོག་ཡོང་སྐབས་རྡོ་ཞིག་གི་ཐོག་ངལ་གསོ་བྱེད་བཞིན་ཡོད་པ་ན། བྱིས་པ་དེས་མཐོང་ནས་ཨ་མ་ཞེས་འབོད་པ་ན། ཡུམ་གྱིས། ཨ་་་་་་། ཨ་མ་ལོག་ཡོང་གི་ཡོད་དོ། །ཞེས་གསུངས་པ་ལས་ངལ་གསོ་བྱ་སའི་རྡོ་ཡི་སྟེང་ཡི་གེ་ཨ་ཡིག་རང་བྱོན་དུ་འཁྲུངས་པར་གྲགས། དེ་དེང་སང་ཡང་གུག་པའི་ནང་ལ་འགྲོ་སའི་ལམ་ན་ཕ་བོང་ཞིག་གི་ཐོག་མཇལ་རྒྱུ་ཡོད།
འདི་པའི་དུས་སུ་ཞོགས་མདའ་སྟེ་སྐབས་དེའི་དུས་ཀྱི་སྟག་རྩེ་རྫོང་གི་དཔོན་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་གནང་ནས་ལོ་དགོན་དབུ་རྩེ་རྙིང་མའི་ཐོག་ཚེ་དཔག་མེད་ཀྱི་ལྷ་ཁང་དང་། དབུ་རྩེ་གསར་མའི་ཐོག་ལ་ཀུན་བཟང་རབ་བརྟན་ཞེས་པའི་ལྷ་ཁང་ཡོད་པ་ལ་རྒྱ་ཕིབས་གསར་བཞེངས་མཛད་གནང་འདུག།
གདན་རབས་སོ་བཞི་པ། སེམས་དཔའ་ཆེན་པོ་བློ་བཟང་བཤེས་གཉེན་གྲགས་པ་རྒྱ་མཚོ། མཚན་གཞན་ལ་སེམས་དཔའ་རྡོ་རིང་ཅན་ཞེས་འབོད། དེ་ཡང་ཁོང་འཁྲུངས་ས་ལོའི་ནང་རྡོ་རིང་པཎྜི་ཏའི་གཟིམ་ཤག་རྡོ་རིང་ཞེས་པའི་རིགས་ཤིག་ལ་འཁྲུངས་པས་མཚན་དེ་ལྟར་ཐོགས། འདི་པའི་དུས་སུ་ལོ་དགོན་པའི་གོས་སྐུ་གཉིས་ཡོད་པ་ལས་གསར་མ་བྱམས་པའི་གོས་སྐུ་བཞེངས། ལོ་བ་བླ་བྲང་རྒྱ་བསྐྱེད་མཛད་ནས་ཐོག་བརྩེགས་ཅན་གསེར་ཟངས་ཀྱི་རྒྱ་ཕིབས་ཡོད་པ་བཞེངས། དགོན་པ་དགེ་ལུགས་པ་གཙང་མར་བསྒྱུར། སྔོན་ས་འབྲི་རྙིང་གསུམ་གྱི་གར་འཆམ་འཁྲབ་སྲོལ་ཡོད་ཐོག དགེ་ལུགས་པའི་གར་འཆམ་གསར་གཏོད་ཀྱིས་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ནང་འཆམ་འཁྲབ་པའི་དུས་ཚོད་གཏན་འབེབས་གནང་། དེ་ལས་ལོ་གནམ་གང་མཆོད་པ་ཞེས་པ་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ནས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་བར་ཉིན་བཞིའི་རིང་བར་མ་ཆད་པར་འཆམ་འཁྲབ་པའི་སྲོལ་དེ་བྱུང་འདུག ལོ་སྤྲོ་ཁང་སྟེ་ལོ་སེམས་པའི་སྤྲོ་ཁང་གསར་བཞེངས་གནང་།
གདན་རབས་ཞེ་ལྔ་པ། རྗེ་བཙུན་སེམས་དཔའ་ཆེན་པོ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ། འདི་པའི་དུས་སུ་བླ་བྲང་ཐོག་བརྩེགས་ལྔ་ཅན་བཞེངས་འགོ་བརྩམས་གནང་མཛད།
གདན་རབས་ཞེ་དྲུག་པ། རྗེ་བཙུན་སེམས་དཔའ་ཆེན་པོ་བསྟན་འཛིན་དགེ་ལེགས་ཆོས་ཀྱི་དབང་ཕྱུག ཁོང་ད་ལྟ་བཞུགས་ཡོད། འདི་པའི་དུས་སུ་བླ་བྲང་ཐོག་བརྩེགས་ལྔ་ཅན་ཡོངས་སུ་རྫོགས་པར་བཞེངས་གནང་མཛད་ཀྱང་རིག་གསར་སྐབས་ཡོངས་སུ་གཏོར་ཟིན།
མདོར་ན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་ཐོག་མར་དགེ་བཤེས་སྤྱན་མངའ་པས་ཕྱག་བཏབ་ནས་ཕྱི་ལོ་ ༡༩༥༩ བར་དར་རྒུད་སྣ་ཚོགས་བྱུང་བའི་ནང་གྲྭ་གྲངས་མང་དུས་སུམ་སྟོང་ལྷག་དང་། ཉུང་དུས་ལྔ་བཅུ་དྲུག་ཅུ་བྱུང་བ་སོགས་བོད་ས་ཡོངས་ཀྱི་དགོན་སྡེ་ཕལ་ཆེ་བར་བྱུང་བ་དག་གཅིག་མཚུངས་ལྟར་སྣང་།
*གསུང་པ་པོ། ལོ་དགོན་པའི་རྒན་འཆར་སྣང་ལགས།
ཟིན་བྲིས་པ། རིགས་གྲོལ།

Comments