མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།



སྤྱིར་མཁྲིས་རྡོའི་དཀའ་ངལ་དེ་མི་ཁ་ཤས་ལ་མ་གཏོགས་མེད་པ་ལྟ་བུར་སྣང་ཡང་། དོན་དངོས་སུ་ང་ཚོ་ཚང་མར་ཆེ་ཆུང་དང་། མང་ཉུང་ལ་མ་ལྟོས་པའི་མཁྲིས་རྡོ་ཡོད། མཁྲིས་རྡོས་ཀྱང་སྐྲན་ནད་འཁྲིད་ཡོང་གི་ཡོད།
མཁྲིས་རྡོའི་ནད་རྟགས་ལ་ལྟོ་ཆས་མང་པོ་ཟོས་རྗེས་ཁོག་པ་སྦོས་ཡོང་བ་དང་། ཟས་འཇུ་མི་ཐུབ་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད། དེ་ཚབས་ཆེ་རུ་ཕྱིན་ན་མཆིན་པའི་གཡས་གཡོན་དུ་ཟུག་གཟེར་ཡང་ལང་གི་ཡོད།

གལ་སྲིདཁྱེད་རང་ལ་མཁྲིས་རྡོའི་དཀའ་ངལ་ཡོང་རྒྱུར་དོགས་པ་ཡོད་ན་སྨན་པ་ལའི་ཆིའུ་ནན་ Dr. Lai Chiu Nan ཟེར་བས་མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས་དོན་ཚན་ལྔ་ཅན་ཞིག་གསུངས་འདུག་པས་དེར་དོ་སྣང་བྱོས། འདོན་ཐབས་དེས་ཁྱེད་ལ་ཕན་ཐོགས་ངེས་རེད། བཅོས་ཐབས་དེས་མཆིན་པ་ཡག་པོ་མེད་པའི་རིགས་ལ་ཡང་ཕན་ཐོགས་རྒྱུ་རེད། གང་ཡིན་ཟེར་ན་མཁྲིས་པ་དང་མཆིན་པ་གཉིས་སྦྲེལ་ནས་ཆགས་ཡོད།


1.        ཉིན་ལྔའི་རིང་ཟས་རན་ཙམ་སྟེན་པ་དང་། ཀུ་ཤུའི་ཁུ་བ་ཤེལ་ཕོར་བཞི་རེ་འཐུང་བ། ཀུ་ཤུ་བཞིའམ་ལྔ་རེ་ཟ་དགོས། ཀུ་ཤུའི་ཁུ་བས་མཁྲིས་རྡོ་སྙི་མོ་བཟོ་གི་ཡོད།
2.        ཉིན་དྲུག་པར་དགོང་ཟས་སྤང་དགོས།
3.        དེ་ཉིན་དགོང་དྲོའི་ཆུ་ཚོད་  6:00  ཙམ་ལ་ཆུ་ཚ་པོའི་ནང་ཚྭ་དཀར་གཡའ་Epsom salt (མེག་ནི་སི་ཡམ།  སྐྱུར་ཚྭ། magnesium sulphate) བཏབ་ནས་འཐུང་དགོས།
4.        ཆུ་ཚོད་  8:00  ཡང་སྐྱར་གོང་བཞིན་ཆུ་ཚ་པོའི་ནང་ཚྭ་དཀའ་གཡའ་བཏབ་ནས་འཐུང་དགོས།   magnesium sulphate ཡིས་མཁྲིས་སྣོད་གི་གཤེར་སྦུག་ཁ་ཕྱེ་གི་ཡོད།
5.        ཆུ་ཚོད་  10:00 ཙམ་ལ་ཨོ་ལིབ་སྣུམ་(olive oil)མམ་ཏིལ་གྱི་སྣུམ་(sesameoil)གང་རུང་ཞིག་ཤེལ་ཕོར་ཕྱེད་དང་ལིམ་བུའི་(lemon)ཁུ་བ་ཤེལ་ཕོར་ཕྱེད་མཉམ་དུ་དཀྲུགས་རྗེས་འཐུང་དགོས། སྣུམ་གྱིས་རྡོ་འཇམ་པོ་བཟོས་ནས་ཕྱི་ལ་འཐོན་རྒྱུར་གྲོགས་བྱེད་ཀྱི་ཡོད།
དེའི་སང་ཉིན་ཁྱོད་ཀྱིས་བཤང་ལྕིའི་ནང་རྡོ་ལྗང་ནག་དེ་འདྲ་ཐོན་ཡོད་པ་མཐོང་གི་རེད། དེ་ནི་ཁྱོད་ཀྱི་མཁྲིས་རྡོ་ཕྱིར་ཐོན་པ་རེད་ལ། ཁྱོད་རང་གི་ནད་གཞི་ཞིག་ལུས་ནས་ཕྱིར་ཐོན་པ་རེད། མདོར་ན་ནད་དེས་ཁྱོད་བདེ་བར་བཞག་ནས་ཕྱིར་ཐོན་སོང་བ་རེད།
ཡང་མི་ལ་ལ་ཞིག་རྡོ་མང་པོ་ཐོན་ན་སེམས་བདེ་བར་གྱུར་སྲིད་ཀྱང་། དེ་ལྟར་སེམས་ཁམས་མི་བདེ་བ་བྱ་དགོས་དོན་མེད་པ་འདྲ།  སྨན་པ་ཆིའུ་ནན་གྱིས། ཁོང་གིས་རྡོ་ 40 དང་ 50 ད་དུང་ 100 ཐོན་མཁན་དེ་འདྲ་ཡང་མཐོང་མྱོང་ཞེས་བཤད་འདུག

གལ་སྲིད་ཁྱེད་རང་མཁྲིས་རྡོའི་ནད་རྟགས་མེད་མཁན་ཞིག་ཡིན་ན་ཡང་ཁྱེད་རང་ལ་མཁྲིས་རྡོ་མེད་པ་མིན། དེར་རྟེན་མཁྲིས་རྡོ་སྔ་ཙམ་ནས་གཙང་བཟོ་ཐུབ་ན་ཁྱེད་རང་གི་ལུས་ཁམས་བདེ་ཐང་ཕན་ངེས་རེད།


འདིའི་ཐག་རྒྱས་པར་ཤེས་འདོད་འབྲེལ་ཐག་འདིའི་ཐོག་སྣུན་རོགས།
http://happyhomemaker88.com/tag/dr-lai-chiu-nans-gallstone-natural-remedy/
JOIN US FOR MORE http://www.facebook.com/learningpetals
༢༠༡༣།༠༧༡༧ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

ཀ་བཤད་དྲི་མ་ཅན།