ཧེ་དྲ་བྷ་ཌའི་སངས་རྒྱས་སྐུ་བཞེངས་མ།
ཧེ་དྲ་བྷ་ཌའི་སངས་རྒྱས་སྐུ་བཞེངས་མ།
ཁ་སང་གཅུང་མོ་ཆུང་བ་གུང་སེང་དང་སྟབས་བསྟུན་ཏི་ལང་ག་ན་མངའ་སྡེའི་ཧེ་དྲ་བྷ་ཌ་ནང་ཡོད་ཨེན་ཌི་ཨར་ལྡུམ་ར་དང་ལུམ་བི་ནི་སྐྱེད་ཚལ་ལ་འཆམ་འཆམ་དང་། ལུམ་བི་ནི་སྐྱེད་ཚལ་ཁོངས་ཧུ་སེན་མཚོ་དཀྱིལ་བཞུགས་པའི་སངས་རྒྱས་སྐུ་བཞེངས་མ་མཇལ་བར་བསྐྱོད། སངས་རྒྱས་ཞལ་བཞུགས་དུས་ལྷོ་ཕྱོགས་འདི་ན་ཞབས་ཀྱིས་བཅགས་ཚུལ་མི་གསལ་ཡང་། མཐོ་ལ་གཟི་བརྗིད་དང་ལྡན་པའི་སྐུ་འདྲ་འདི་མཇལ་དུས་སངས་རྒྱས་དངོས་སུ་ཞལ་བཞུགས་པ་ལྟར་གྱི་ཚོར་བ་ཞིག་གིས་དགའ་བ་ཡོངས་སུ་རྒྱས་པར་བྱེད། སྐུ་འདི་ཧེ་དྲ་བྷ་ཌ་གྲོང་ཁྱེར་གྱི་སྙིང་ལྟ་བུ་ཧུ་སེན་མཚོ་མོའི་དཀྱིལ་དུ་ཡོད་ཅིང་། ལུམ་བི་ནི་སྐྱེད་ཚལ་ནས་གྲུ་ཐོག་སྐར་མ་བཅོ་ལྔ་ཙམ་གྱི་ས་ན་བཞུགས། ལོ་ལྟར་ཕྱོགས་ཁག་ནས་མཇལ་བཅར་བ་ཁྲི་ཕྲག་ཡོང་ཚུལ་ཟེར།
སྐུ་འདྲ་འདི་ཨན་དྲ་མངའ་སྡེའི་(སྔོན་མ་ཏི་ལང་ག་ན་ཨན་དྲའི་མངའ་ཁོངས་ཡིན)བློན་ཆེན་(༡༩༨༣-༨༩) ཨན་ཊི་ར་མ་རའོ་ཡི་དུས་སྐབས་བཞེངས་འདུག །དེ་ཡང་ཁོང་གི་ལས་ཡུན་རིང་ས་གནས་ཀྱི་ཆབ་སྲིད་དང་། ཆོས་ལུགས་ཀྱི་ལོ་རྒྱུས་མི་སྣའི་འདྲ་སྐུ་བཞེངས་ཆེད་འགྲོ་གྲོན་མང་པོ་བཏང་ཡོད། ཐེངས་ཤིག་ཁོང་ནིའུ་ཡོག་ཏུ་ཕེབས་སྐབས་རང་དབང་གི་འདྲ་སྐུ་(Statue of liberty)མཐོང་བས་ཡིད་དབང་འཕྲོག་སྟེ། “ང་ལ་ལྟ་སྐོར་འགྲོ་ས་འདི་འདྲ་ཞིག་དགོས། དེ་ངས་སྤྱི་ཚོགས་ལ་འབུལ་རྒྱུའི་ལེགས་སྐྱེས་སུ་འགྱུར་ངེས།” ཞེས་གསུངས།
རྗེས་སུ་བཅོམ་ལྡན་འདས་ནི་མི་མང་ལ་བདེན་པ་ཡོངས་རྫོགས་གསུངས་གནང་བའི་སྐྱེས་ཆེན་ཞིག་ཡིན་གཤིས་ངོམས་སུ་ཆོག་པ་ཞིག་རེད་ཅེས་སངས་རྒྱས་ཀྱི་སྐུ་བཞེང་རྒྱུར་ཐག་གཅོད་གནང་།
ཡུན་རིང་བཙལ་འཚོལ་བྱས་རྗེས་ཧེ་དྲ་བྷ་ཌ་ནས་ཀི་ལོ་མི་ཊར་ ༤༦ ཙམ་གྱི་ཕྱི་རོལ་ནེལ་གོན་ཌ་རྫོང་བོན་གིར་ས་གནས་ཀྱི་རི་བོ་ཞིག་ནས་འཛེང་རྡོ་དཀར་པོ་རྙེད། ཕྱི་ལོ་ ༡༩༨༥ ལོའི་ཟླ་ ༡༠ པར་ས་གནས་དེ་གར་དངོས་སུ་སྐུ་འདི་བཞེང་པའི་འགོ་བརྩམས། དགོན་པ་བཟོ་སྐྲུན་འཆར་འགོད་པ་ཨེས་ཨེམ་ག་ན་པ་ཏི་སེ་ཐ་པ་ཏི་དང་རྡོ་བཟོ་བ། ལས་མི་བརྒྱ་ཕྲག་གི་ངལ་རྩོལ་དང་རོགས་རམ་འོག །ལོ་ལྔའི་རྗེས་འགྲོ་གྲོན་ཨ་སྒོར་འབུམ་གསུམ་བཏང་བའི་སྐུ་འདྲ། མཐོ་ཚད་ཧྥི་ཊི་ ༥༨ དང་། ལྗིད་ཚད་ཊོན་ ༣༥༠ ཅན་འདི་འཛམ་གླིང་ནང་སངས་རྒྱས་ཀྱི་རྡོ་སྐུ་མཐོ་ཤོས་སུ་གྲུབ།
ར་མ་རའོ་ཡི་བློན་ཆེན་གྱི་ལས་ཡུན་རྫོགས་རྗེས་ལོ་སྟེ་ཕྱི་ལོ་ ༡༩༩༠ ལོ་ཟླ་ ༣ ས་གནས་དེའི་ABCཁེ་ལས་ཁང་ལ་སྐུ་འདྲ་འདི་ད་ལྟའི་ས་གནས་སུ་འདྲེན་རྒྱུའི་ལས་འགན་སྤྲད་པ་ལྟར་གྲུ་ཐོག་ལ་དབོར་འདྲེན་གྱིས་འདོམ་ལྔ་བཅུ་ཙམ་ཐོན་དུས་འཁྱོར་ནས་མཚོ་ནང་དུ་ལྷུང་།
དེའི་ལོ་གཉིས་ཙམ་གྱི་རྗེས་སྟེ་ཕྱི་ལོ་ ༡༩༩༢ ཟླ་ ༡༢ པར་ཕྱིར་བཏོན་ནས་སྒྲེང་འཛུགས་ལེགས་གྲུབ་བྱུང་།
ཕྱི་ལོ་ ༢༠༠༤ ལོར་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རབ་གནས་མཛད།
༢༠༡༩།༠༥།༡༢ ཉིན་སི་ཁན་དྲ་བྷ་ཌ་ནས། རིགས་གྲོལ།

Comments