དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།

ལྔ་པ། (ལོ་སེམས་དཔའ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སེམས་དཔའ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོའི་མཛད་པ་ཐོར་བུ།)
ལོ་སེམས་དཔའ་སྐུ་ཕྲེང་དགུ་པ་སེམས་དཔའ་རྡོ་རིང་ཅན་ནམ། ཐུབ་བསྟན་ཉིན་བྱེད་གྲགས་པ་རྒྱ་མཚོའི་སྐུ་དུས་སུ་དགོན་པ་ཡོངས་རི་བོ་དགེ་ལྡན་པའི་ལུགས་སུ་བསྒྱུར་གནང་མཛད་ནས། ལོ་བླ་བྲང་དགོན་ཁང་དང་བཅས་པ་གསར་བཞེངས་གནང་རྗེས། བཀའ་བློན་རྡོ་རིང་པའི་བཀའ་ལྟར་བླ་བྲང་དགོན་ཁང་དུ་དོལ་རྒྱལ་ཀྱི་ཐང་ཀ་གསེར་བྲིས་མ་ཞིག་བཞེངས་འདུག དེ་ནས་སེམས་དཔའ་སྐུ་ཕྲེང་བཅུ་གསུམ་པ་བར་གནས་པར་གྲགས། འོན་ཀྱང་སྐབས་དེ་དུས་ནས་ལོ་དགོན་གྲྭ་ཚང་དོལ་རྒྱལ་དང་འབྲེལ་བ་རྩ་བ་ནས་མི་འདུག
སྐུ་ཕྲེང་བཅུ་བཞི་པ་འདི་པའི་དུས་སུ་བླ་བྲང་དགོན་ཁང་གི་ཐང་ཀ་ཡང་མེད་པ་བཟོ་གནང་མཛད་ནས་འབྲེལ་བ་ཡོངས་སུ་བཅད་གནང་མཛད་འདུག དེ་ཡང་ཁོང་གིས་བླ་བྲང་དགོན་ཁང་གི་དོལ་རྒྱལ་ཐང་ཀ་དེ་མར་བསྣམས་ཕེབས་ནས་ལོ་སྤྲོ་ཁང་གི་ཕར་ངོས། སྤྱན་སྔ་སྒང་ཞེས་པའི་ས་དེར་དོང་ཆེན་པོ་ཞིག་འབྲུ་གནང་མཛད་ནས་ཐང་ཀའི་མེ་ལོང་བཀོག་སྟེ་ས་དོང་དུ་ཁ་སྦུབ་ཏུ་བཅུག་ནས་ས་གཡོགས། དེའི་ཐོག་རྨང་བཏིང་ནས་མཆོད་རྟེན་བཞེངས་གནང་འདུག སྐབས་དེ་ནས་ལོ་བླ་བྲང་ནང་དོལ་རྒྱལ་གྱི་སྒྲ་དང་དྲི་ཡང་མེད་པར་གྱུར་འདུག སྐབས་དེར་མི་མང་ཚོས་ཅི་ཡང་མི་ཤེས་པས། སེམས་དཔའ་འདི་ཡང་སྨྱོ་འདུག སྨྱོན་པ་ཡིན་པ་འདྲ། རྡོ་རིང་ཅན་གྱི་བཞེངས་པའི་ཐང་ཀ་གསེར་བྲིས་མ་ཡག་པོ་དེ་ཕྲལ་ནས་མཆོད་རྟེན་འོག་སྦས་སོང་། ཟེར་བ་སོགས་མང་པོ་བཤད་རྒྱུ་བྱུང་འདུག འོན་ཀྱང་ད་ཆ་མི་རབས་རྒན་པའི་ནང་། སེམས་དཔའ་སྐུ་གོང་མ་དེ་བླ་མ་སྤྱིར་བཏང་ཞིག་མ་རེད། མངོན་མཁྱེན་ཡོད་མཁན་ཞིག་རེད་འདུག ཅེས་བསྟོད་པ་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་པ་དངོས་སུ་མཐོང་རྒྱུ་འདུག།
སེམས་དཔའ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་སློབ་མ་མང་པོ་ཡོད་ལས་གཅིག་ནི་ད་ལྟའི་སྐུ་ཕྲེང་བཅོ་ལྔ་པ་ཆེན་པའི་ཡོངས་འཛིན་གཉིས་ལས་རེབ་རྩ་སྤྲུལ་སྐུ་ངག་དབང་བློ་གྲོས་བསྟན་པ་རེད།
སྐུ་ཚེ་སྨད་ལ་སོག་པོ་ནང་སོག་བརྒྱུད་ཕྱི་སོག་ལ་ཕེབས་གནང་མཛད་ནས། ཁལ་ཁ་རྗེ་བཙུན་དམ་པ་དང་མཇལ་འཕྲད་ཞུས་འདུག དེ་ནས་ཚུར་ལོག་ཕེབས་གནང་མཛད་སྐབས་ཕྱི་ལོ་ ༡༩༢༡ ཡས་མས་ཏེ་ཁལ་ཁའི་ཡུལ་དུ་གསར་བརྗེའི་ལས་འགུལ་འབྱུང་བཞིན་པའི་དུས་སྐབས་དང་ཁེལ་བས་རབ་བྱུང་གི་ཚུལ་དུ་ཕེབས་མ་བཅུག་པས་སོག་མོ་ཞིག་གསང་ཡུམ་དུ་བཞེས་ནས་ཕེབས་དགོས་བྱུང་འདུག ཚུར་ཕེབས་རྗེས་མི་རིང་བར་འདས་འདུག
དེ་རྗེས་སོག་མོ་གསང་ཡུམ་དེ་ལོ་སྤྲོ་ཁང་ལ་བཞུགས་འདུག གསང་ཡུམ་འདིས་སོག་ཡུལ་ནས་ལག་ཤེས་དང་། རྫོངས་སྐལ་མང་པོ་ཞིག་བསྣམས་ཡོད་ཚུལ་འདུག།

Comments