དཔལ་ལྡན་ལོ་དགོན་བཤད་སྒྲུབ་བསྟན་འཕེལ་གླིང་།

གཉིས་པ། (སྤྱན་སྔ་ཚུལ་ཁྲིམས་འབར་གྱི་ལོ་རྒྱུས་མདོར་བསྡུས།)
བཀའ་གདམས་སྐུ་མཆེད་གསུམ་སྟེ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན། འཇམ་དབྱངས་སྤྲུལ་པ་པོ་ཏོ་རིན་གསལ། ཕྱག་རྡོར་སྤྲུལ་པ་སྤྱན་སྔ་ཚུལ་ཁྲིམས་འབར་རྣམས་གསུམ་ལས། ཆུང་བ་དགེ་བཤེས་སྤྱན་སྔ་བ་ནི་ཉན་གྱི་སྣང་ར་སྒང་དུ་( སྟག་རྩེ་ལོ་ཕུ་ )ཡབ་ཤཱཀྱ་རྡོ་རྗེ་དང༌། ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་སྟག། དུས་རབས་བཅུ་གཅིག་པ། ཕྱི་ལོ་༡༠༣༨ ལོར་འཁྲུངས།
དེབ་ཐེར་དང་ཆོས་བྱུང་ཁ་ཅིག་ཏུ་ཁོང་སྟོད་ལུང་ཉེན་ཞེས་པར་འཁྲུངས་ཞེས་གསལ། འོན་ཀྱང་ལོ་ཕུ་ལ་སྣང་ར་སྒང་ཞེས་པའི་ས་ཆ་དེར་ཁོང་འཁྲུངས་སའི་ཁྱིམ་གྱི་གྱང་ཁོག་དང་ཤུལ་སོགས་ཡོད་པས་དེར་འཁྲུངས་པར་འདོད། དེ་ཡང་ད་ལྟ་ལོ་ཞེས་པའི་མིང་དགེ་བཤེས་སྤྱན་སྔ་པས་ལོ་དགོན་པ་བཞེངས་རྗེས་ཐོགས་པ་ཞིག་ཡིན། དེའི་གོང་དུ་ཡུལ་དེར་ཉེན་ཞེས་འབོད་ཀྱི་ཡོད་འདུག ཁོང་འཁྲུངས་རྗེས་ཆུང་དུས་ཀྱི་མཚན་སྟག་ཚབ་འབར་ཞེས་བཏགས། སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་བརྟས་པས་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་སྐྱེས་བུ་གསུམ་གའི་ལམ་གྱི་གནད་རྣམས་ལ་བག་ཆགས་སད་དེ་བྱིས་པའི་དུས་སུ་སྤྱིར་འདུས་བྱས་འདི་ཐམས་ཅད་སྡོད་པའི་མཐུ་མེད་པར་འཇིག་པ་དང༌། ཁྱད་པར་རང་གི་ལུས་མྱུར་དུ་འཇིག་པའི་ངང་ཚུལ་དྲན་ནས་རྒྱུན་དུ་བཤུམ་པ་ཞིག་བྱུང་བས་ཡུམ་དེས་ཁྱོད་འཇིགས་མི་དགོས་མྱུར་དུ་ཤི་འགྲོ་སྙམ་པའི་བློ་དེ་སླར་བརྗེད་འགྲོ་ཟེར་སྤྱན་སྔའི་ཡུམ་དེ་ནི་རང་བཞིན་གྱི་རྣལ་འབྱོར་མ་ཞིག་ཡིན་པར་གྲགས་པས་དེང་སང་རང་ཅག་ཐ་མལ་པ་རྣམས་ལ་བླ་མ་རེའི་བཀའ་དྲིན་ལས་འཆི་བ་དྲན་པའི་བློ་རིབ་ཙམ་རེ་བྱུང་ཡང་སྣང་ཤས་མཐུ་ཆེ་བས་ཆུ་ལ་དབྱུག་གུས་བྲིས་པ་ལྟར་དེ་མ་ཐག་བརྗེད་ནས་རྟག་འཛིན་གྱི་དབང་དུ་འགྲོ་བའི་ངང་ཚུལ་དེ་ཡུམ་དེས་བརྗོད་པའོ། །དེ་དུས་ཡུམ་གྱིས་པང་དུ་ཁྱེར་ནས་སློབ་དཔོན་གྲོང་འདུལ་བ་ཅིག་ལ་ཕུང་པོ་ལྔའི་རབ་བྱེད་གསན་པས། ཕུང་པོ་འདི་ལྔར་འབྱེད་ཚོད་ཀྱིས་མཐར་སྟོང་པ་ཉིད་ཇུ་འདུག་སྙམ་སྟེ་བདག་མེད་པའི་ལྟ་བ་རང་འཁྲུངས། གཞན་ཡང་བྱིས་པའི་གནས་སྐབས་དེར་ལྷག་པའི་ལྷ་མང་པོའི་སྣང་བ་ཡང་ཡང་འཆད་བ་ཞིག་བྱུང༌། །ལོ༌བཅུ་གཉིས་ལོན་ཙ་ན་རྣལ་འབྱོར་མ་གོང་མོ་སྒང་བ་བྱ་བ་བྱོན་ནས་གདམས་ངག་ཅིག་གསུངས་པས་མྱོང་བ་ཁྱད་པར་ཅན་སྐྱེས་པ་ཞིག་བྱུང་སྟེ། དེ་ནི་རང་བཞིན་གྱི་རྣལ་འབྱོར་མས་བྱིན་གྱིས་བརླབས་པ་ཡིན་པར་གསུངས། ཡང་ལན་ཅིག་ཙ་ན་ར་ལུག་འཚོར་རི་ཞིག་གི་རྩེར་བྱོན་པས། ད་སྟེ་ལོ་བརྒྱ་ཐམ་པ་ན་འདི་ནས་མཐོང་བའི་མི་ཐམས་ཅད་འཆི་བ་ཡིན་དགོངས་ཐུགས་ཕྱུང་བའི་མགུར་གསུངས་པ་རི་ཞོལ་གྱི་བཅས་མི་བ་རྣམས་ལ་སྙན་པར་བྱུང་ནས། འོར་ཆེ་སྟག་ཚབ་འབར་སྙན་རང་སྙན་ད་དུང་ཞིག་ལོངས་དང་ཟེར་བས། ང་མ་དགའ་ཆེས་ནས་བླངས་པ་ལ་ཁོང་ད་དུང་ལོངས་ཟེར་ཨང་གསུངས་པར་གྲགས། དེ་ནས་དགུང་ལོ་བཅོ་བརྒྱད་པ་ལ་སྟོད་ལུང་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའ་དྲུང་དུ་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་འབར་དུ་བཏགས། དེར་ཡུམ་གྱི་རྨི་ལམ་དུ་དུང་དཀར་ཞིག་བུས་པ་འཛམ་བུ་གླིང་པ་ཐམས་ཅད་ཀྱིས་ཐོས་པ་ཞིག་བྱུང་བས། ངའི་བུ་འདི་ལ་རབ་ཏུ་བྱུང་ནས་གྲགས་པ་ཡང་ཆེ་བ་ཅིག་འོང་བར་འདུག་ཟེར། སློབ་གཉེར་མཛད་དུས་ཚ་ཐོག་དགོན་པར་བྱོན་པའི་ཞོར་ལ། འབྲོམ་སྟོན་པ་དང་མཇལ། རྗེས་སུ་ཇོ་བོ་རྗེ་སྙེའི་ན་མོ་ཆེར་བཞུགས་པ་དང་མཇལ། སེམས་བསྐྱེད་གསུང་བ་གསན། དེ་དུས་ཇོ་བོས་ཕྱག་འདི་པའི་སྤྱི་བོར་ཕྱག་བཞག སཾ་སྐྲྀ་ཏའི་སྐད་དུ་བཀྲ་ཤིས་ཀྱི་ཚིགས་བཅད་མང་པོ་མཛད། ཁྱད་པར་སྟོན་པ་ཞལ་བཞུགས་སྐབས་སུ་ལྷ་མོ་གངྒས་སྟོན་པར་ཕུལ་བའི་སངས་རྒྱས་སྟོང་གི་ཐུགས་གྲུབ་བུམ་པ་པདྨའི་ཆུཾ་གསེར་གླིང་པས་ཇོ་བོ་རྗེར་གནང་བ་དེ་ཇོ་བོས་སྐབས་དེར་སྤྱན་སྔ་པར་གནང་འདུག བུམ་པ་པདྨའི་ཆུཾ་ཅན་ཡོད་སའི་གནས་དང་དགོན་པ་དག་ལ་གྲྭ་པ་ཚོས་ཆོས་ཤེས་པ་ཙམ་གྱིས་དབང་སྐུར་ཆོག་པ་དང་། རྒྱུད་བཤད་ཆོག་པ། མན་ངག་གནང་ཆོག་པ་བཅས་ཀྱི་གནང་བ་ཡོད་པར་བཤད།
དགུང་ལོ་ཉི་ཤུའི་སྟེང་ར་སྒྲེང་དུ་བྱོན་ནས་འབྲོམ་སྟོན་པ་དང་མཇལ། དེ་ནས་ལོ་བརྒྱད་འབྲོམ་སྟོན་པ་དང་འགྲོགས་ནས་ཞབས་ཞུ་བྱེད་ཞོར་གདམས་ངག་ཡོང་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན་པས་ན། འབྲོམ་གྱི་སྤྱན་སྔར་སྟེ་སྤྱན་གྱི་མདུན་དུ་བཞུགས་བཞུགས་པས་ན་མཚན་ལ་སྤྱན་སྔ་བ་ཞེས་ཐོགས།
སྐབས་དེར་འབྲོམ་སྟོན་པས་ཇོ་བོ་རྗེའི་གདམས་ངག་མ་ལུས་པར་གནང་བས་མཁས་པ་ཆེན་པོར་གྱུར། དེ་བཞིན་ཆུང་དུས་ནས་སྟོང་པ་ཉིད་ལ་བྱང་ཆུབ་པ་དང་། ལེགས་སྦྱར་སྐད་ལ་བྱང་ཆུབ་པར་སོང་གསང་སྔགས་ལ་སོགས་གཞུང་བསྒྱུར་བ་དང་། སྔར་བོད་དུ་བསྒྱུར་བའི་གཞུང་རྣམས་ལ་དག་ཐེར་མཛད་པ་ཁོང་གི་མཛད་རྣམ་དུ་གསལ་ཡོད། དེ་བཞིན་ཁོང་གིས་གྲུབ་རྟགས་མང་དུ་བསྟན་ཡོད། དེ་ཡང་ཁོང་དང་རྗེ་བཙུན་མི་ལ་གཉིས་གྲུབ་རྟགས་འགྲན་ནས་ཨ་མཉམ་དོ་མཉམ་ཆགས་པར་གྲགས།
ཁོང་གི་སྐུ་ཚེའི་རིང་བུམ་པ་( མཆོད་རྟེན། ) ཆེན་པོ་གསུམ་བཞེངས་ཡོད། དང་པོ་དྲི་མེད་བུམ་པ། དེ་ནི་ལོ་དགོན་པའི་གཤམ་དུ་ཡོད། ད་ལྟ་ཉམས་ནས་ཤུལ་བུམ་པའི་ཕྱེད་ཙམ་ཡོད་པ་ལས་ཉམས་གསོ་ཐུབ་མེད། གཉིས་པ་གླང་ཐང་བུམ་པ། དེ་ནི་འཕན་པོ་གླང་ཐང་དགོན་པའི་ནང་ཡོད། དགེ་བཤེས་གླང་ཐང་པས་བཞེངས་སྐབས་བར་ཆད་ཀྱིས་བཞེངས་མ་ཐུབ་པར་དགེ་བཤེས་སྤྱན་སྔ་པ་གདན་དྲངས་ནས་ཁོང་གིས་གཟའ་ཁྱབ་འཇུག་གྲོགས་བསྟེན་ནས་བཞེངས་པར་གྲགས། གསུམ་པ་དེ་བྱང་གདམ་གཞུང་རྫོང་གི་ཀོ་ཁྱིམ་གྲོང་ཚོར་ཡོད་པའི་ཀོ་ཁྱིམ་བུམ་པ་ཞེས་པ་དེ་རེད། དེ་ལྟར་སྐུ་ལས་བསྐྱོན་ཡོད། དམིགས་བསལ་ལོ་དགོན་པའི་ཕྱི་ལྕགས་རི་ཕལ་ཆེ་བ་སྤྱན་སྔ་པ་སྐུ་ངོ་མས་ས་རྡོ་དབོར་ནས་སྐྱོན་སྐབས་ཁོང་གི་ནམ་བཟའ་ཡོངས་རྫོགས་རལ་ནས་རས་སྣམ་གྱི་རྒྱུ་ཆས་མ་ལྡེང་པར་གཡག་གི་ཀོ་པར་ཚོས་དམར་བཏབ་ནས་མནབས་དགོས་བྱུང་བས་མཚན་གྱི་རྣམ་གྲངས་ལ་དགེ་བཤེས་ཀོ་ཤམ་པའམ་སྤྱན་སྔ་ཀོ་ཤམ་ཞེས་གྲགས།
སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་གསང་སྔགས་ཇོ་བོ་རྗེ་ལས་རྒྱུད་པའི་ཡི་དམ་གྱི་གཟུངས་ཉམས་སུ་མ་བླངས་པ་དང་མ་བཟླས་པ་གཅིག་ཀྱང་མེད་པར་གྲགས། སྒོས་སུ་ཁྲོ་བོ་མི་གཡོ་བའི་བསྙེན་པ་དུང་ཕྱུར་བཅོ་བརྒྱད་བསྐྱེལ་ཡོད་ཅེས་བཀའ་གདམས་ཆོས་བྱུང་དུ་ཡོངས་སུ་གྲགས་ཡོད། དེའི་གྲུབ་རྟགས་སུ་ཁོང་གི་བཞེངས་པའི་ལོ་དགོན་པའི་ནང་ཅན་དན་གྱི་སྡོང་པོ་ཞིག་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་བཞིན་དགོན་ས་དེ་ས་སྐམ་རྡོ་སྐམ་ཞིག་ཏུ་ཡོད་ཀྱང་རྒྱབ་དེར་ཆུ་མིག་ཆེན་པོ་ཞིག་ཡོད་པ་གྲུབ་ཆུ་ཡིན་པར་གྲགས།
མཐར་ཐུག་ཁོང་དགུང་ལོ་རེ་དྲུག་ཐོག་རབ་བྱུང་གཉིས་པའི་ཆུ་ལུག། དུས་རབས་བཅུ་གཉིས། ཕྱི་ལོ་ ༡༡༠༣ ལོར་ཞི་བར་གཤེགས། ཁོང་ལ་སློབ་མ་བརྒྱད་བརྒྱ་ལྷག་བྱུང་བར་གྲགས།

Comments