ཀ་རྩོམ། ཁག་གཉིས།
ཀ་རྩོམ་དོན་མེད་མ།
རིགས་གྲོལ།
ཀ་ཅི་རས་དཀར་ལྟ་བུའི་སེམས་པ་ཞིག་མེད་ན།།
ཁ་བཏགས་དཀར་པོས་བསུས་ཀྱང་དགའ་བ་ཞིག་ཨེ་ཡོད།།
ག་དུས་ལབ་གླེང་བྱས་ཀྱང་མི་རིགས་ཞེས་ཟེར་ཡང་།།
ང་བཟང་ཁོ་ངན་རྩོད་དེས་ཕན་པ་ཞིག་ཨེ་ཡོད།།
ཅ་ཅོའི་གཏམ་གླེང་བྱེད་དུས་རིག་གཞུང་དེ་བཤད་ཀྱང་།།
ཆ་ལུགས་ར་མ་ལུག་དེ་གང་ཞིག་ན་བསླེབས་འདུག།
ཇ་ལ་མར་གྱིས་བརྒྱན་པ་མཛེས་ཆོས་སུ་འགྲོ་ཡང་།།
ཉ་ཉུང་མཉམ་སྲེ་བྱེད་དེ་གང་ཞིག་ལ་ཐོན་འདུག།
ཏ་ཐཱ་ག་ཏའི་ལུགས་གཉིས་དོན་ཐོག་ཏུ་མཛེས་པ།།
ཐ་མལ་ལག་ལེན་མེད་དེར་མཚར་པོ་རང་མི་སྲིད།།
ད་དུས་ལ་རྒྱ་ཡོད་པ་ང་ཚོ་ཡི་རྒྱན་ཆ།།
ན་ཟླ་དུད་འགྲོ་འདྲ་དེར་འཚམ་པོ་རང་མི་འདུག།
པ་ཊའི་རིས་ལྟར་མཚར་བའི་ཕྱི་ཚུལ་དེའི་འོག་ན།།
ཕ་མ་དགྲ་རུ་འཛིན་པའི་གནག་སེམས་དེ་མ་ཟུངས།།
བ་ལང་ལྐོག་ཤལ་ཅན་ཁྱོད་ལུས་སྟོབས་དེ་བཟང་ཡང་།།
མ་ལོ་བ་མོ་དྲིན་ཆེན་རྭ་ཅོ་ཡིས་མ་བརྒྱག།
ཙ་རི་བོད་ཡུལ་ཕྱོགས་ལ་ཞེན་ཆགས་ཤིག་ཡོད་ན།།
ཚ་གྲང་བཀྲེས་སྐོམ་བཟོད་དེ་སྤྱི་དོན་ལ་འབད་དགོས།།
ཛ་ཡ་ཚིག་འབྲུར་དགའ་བའི་མི་རིགས་ཤིག་ཡིན་ན།།
ཝ་མོའི་གཡོ་ཇུས་ལྟ་བུའི་སྒེར་དོན་དག་གེགས་རེད།།
ཞ་ར་ལོང་བའི་ལམ་བུ་ཀྱག་ཀྱོག་ཅིག་ཡིན་ཡང་།།
ཟ་རི་ཟི་རིའི་མི་ཡི་ཟེར་འགྲེས་སུ་མ་འབྲོངས།།
འ་འུར་གོམས་འདྲིས་ངན་པས་སེམས་ཆུང་དེ་འདེད་ཀྱང་།།
ཡ་ཡུད་ཐལ་ཆ་ཆེ་བའི་ལས་རིགས་དེ་མ་རྩོམས།
ར་གན་ཁ་དོག་ལེགས་ཀྱང་གསེར་ཚབ་ལ་མི་ཡོང་།།
ལ་ཁྱི་སྤུ་མདོག་ལེགས་ཀྱང་སྒོ་ཁྱི་ནི་མི་ཡོང་།།
ཤ་དཀར་འཛུམ་དམུལ་ལེགས་པའི་ཁོག་གནག་ཅིག་ཡིན་ན།།
ས་ཀུན་དབང་པོ་ཡིན་ཡང་སུ་ཞིག་གིས་གཙི་ཨང་།།
ཧ་ཧ་གད་མོ་སློང་བའི་ཀ་རྩོམ་ཞིག་བྲིས་ཡོད།།
ཨ་ཅང་གོ་དོན་ཟབ་པའི་ལེགས་བཤད་ཅིག་མེད་ཀྱང་།།
ཧ་ཆ་ཆེན་པོའི་ངང་ནས་གནས་དབྱུང་ཤིག་མེད་པར།།
ཨ་རོགས་གྲོགས་པོའི་ཚོགས་ཀྱིས་བཟོད་སྒོམ་ཞིག་གནང་རོགས།།
༢༠༡༧།༠༣།༡༩ ཉིན།
ངའི་སེམས་ཀྱི་ཀ་ཁ་ག་ང་།
ཀ་ཁ་ག་ང་ང་ཚོའི་བླ་སྲོག་རེད།།
ཀ་ཁ་ཁ་ནས་མ་བརླག་ཨ་མའི་བུ།།
ཁ་བ་ཅན་པ་གསོན་པོར་གནས་དགོས་ན།།
ཁ་ལག་གཉིས་ཀྱིས་བོད་སྐད་བོད་ཡིག་སྤྱོད།།
ག་ཙམ་ཕྱིན་ཀྱང་འགྲོ་ས་མང་ན་ཡང་།།
ག་དུས་ཡིན་ཡང་ལོག་ས་ནང་ལ་རེད།།
ང་ཚོའི་ཚོ་པ་ཇི་ཙམ་ཆེ་ན་ཡང་།།
ང་ཚོའི་སྐད་རིག་བརླགས་ན་ཚར་ཡོང་ངོ་།།
ཅ་ཅོའི་གླེང་མོལ་ཙམ་གྱི་བར་བར་ན།།
ཅ་ལེ་བ་ཡིས་གཞན་སྐད་སྲེ་ཚུལ་འདི།།
ཆ་རྒྱུས་མེད་པའི་གཞན་ཡུལ་ས་མཐའ་ན།།
ཆ་ལུགས་མེད་པའི་སྤྲེལ་རྒན་འཁྱམ་པོ་འདྲ།།
ཇ་ཆང་ཤ་སོགས་ཟས་རིགས་འཛོམས་ན་ཡང་།།
ཇ་ཁང་བོད་སྐད་ཅན་པོ་མེད་སོང་ན།།
ཉ་མོ་སྐམ་སར་ཐོན་པའི་དཔེ་མཚོན་དུ།།
ཉ་གཤོག་བྱེ་མའི་དཀྱིལ་ནས་དོར་ཡོང་ངོ་།།
ཏ་ཐཱ་ག་ཐའི་ལུགས་གཉིས་རྒས་པོ་ཡང་།།
ཏ་ཀུར་བོད་ཡིག་འདི་ལ་བརྟེན་ནས་འདུག།
ཐ་མལ་བོད་པའི་འཚོ་བ་སྐྱེལ་སྟངས་ཀྱང་།།
ཐ་ན་བོད་ཡིག་འདི་ལ་བརྟེན་ནས་ཡོད།།
ད་དུས་རང་སྐད་བདག་པོ་མ་བྱས་པར།།
ད་དུང་ཨོའུ་ཙམ་ཞིག་ལ་རེ་བྱེད་པ།།
ན་ནིང་བྱུང་བའི་འཚོ་བའི་ཐོན་ཁུངས་དག།
མི་ཚེ་གཅིག་ལ་ལྡེང་བར་རེ་བ་འདྲ།།
པ་ཕ་ཨ་མར་གྱུར་བའི་རྒན་རབས་དང་།
པ་ཕའི་ཆོ་ལོ་བླངས་པའི་ཕ་ཚབ་ཚོ།།
ཕ་མ་བཟང་པོའི་བུ་ཕྲུག་བསྐྱང་འདོད་ན།།
ཕ་སྐད་དག་མས་བུ་ལ་བསླབ་བྱ་བྱོས།།
བ་མོ་ན་སོ་རྒས་ནས་འགྲོ་ན་ཡང་།།
བ་ཕྲུག་རྩ་ཆུར་བརྟེན་ནས་འཚོ་དགོས་ཨང་།།
མ་ལོའི་མི་ཚེ་མཐའ་མར་འགྲིག་ཙམ་དེས།།
མ་ཡི་བུ་ཆུང་དེ་ལ་འགྲིག་ཨེ་ཡོང་།
ཙ་གེ་ཙིག་གེའི་སྒོར་མོ་གསོག་ཆེད་དུ།།
ཙ་གེ་ཙིག་གེའི་བྱ་བར་མགོ་འཁོར་ནས།།
ཚ་སོབ་སོབ་ཀྱི་རང་ཡུལ་བརྗེད་སོང་ན།།
ཚ་གྲང་བཀྲེས་སྐོམ་ནད་ངན་རྗེས་ནས་ཡོང་།།
ཛ་ལང་ཤོར་བའི་བག་མེད་སྤྱོད་པ་དེ།།
ཛ་དྲག་དུས་འདིར་གཏིང་ནས་མ་སྤང་ན།།
ཝ་སྐད་ལྟ་བུའི་འདྲེས་མ་བསྲེས་ལྷད་འདིས།།
ཝ་ཡེ་ང་ཚོ་གང་དུ་བསྐྱལ་ཡོང་སོམས།།
ཞ་སེར་བསྟན་པར་དད་པའི་ཕུ་ནུ་ཚོ།།
ཞ་སེར་རིང་ལུགས་ཡི་གེའི་ཚོམས་ན་ཡོད།།
ཟ་རི་ཟི་རིས་དྲན་པ་འཆོལ་མེད་ན།།
ཟ་ཉལ་སྤྱོད་པས་མ་འདའ་སྐད་རིག་སློབས།།
འ་ཅག་རྣམས་ཀྱིས་རང་སྐད་མི་སྤྱོད་ན།།
འ་ཆད་འུ་ཐུག་དུས་སུ་འགྱོད་ངེས་པས།།
ཡ་ཡུད་ཆེན་པོས་སྣང་མེད་མ་བསྐྱུར་བར།།
ཡ་ཐོད་ནང་ནས་མནོ་བསམ་གཏོང་རེན་རེད།།
ར་མ་ལུ་གུ་ལྟ་བུའི་བསྲེས་སྐད་འདི།།
ར་གུའི་སྲོག་རྩ་གཅོད་པའི་སྤུ་གྲི་འདྲ།།
ལ་ལུང་ཇི་ཙམ་བརྒལ་བའི་ཉམས་ཡོད་ཀྱང་།།
ལ་ཉག་སྤུ་གྲི་འདི་ཡིས་གསོད་པར་ངེས།།
ཤ་ཚ་ཅན་གྱི་བསླབ་བྱ་རིན་ཆེན་འདི།།
ཤ་ཉེ་སྤུན་ཟླའི་ཕྱོགས་དེར་སྤྲིངས་ཡོད་དོ།།
ས་ཕྱོགས་གང་སར་བཞུགས་པའི་བོད་ཅན་པོས།།
ས་གཙང་རྡོ་གཙང་ལྟ་བུར་མཐོང་བར་ཤོག།
ཧ་ལམ་རིགས་ལ་ཞེན་པ་དཀར་ཙམ་ལས།།
ཧ་ཅང་རློམ་སེམས་བཅངས་པས་མིན་པས་ན།།
ཨ་རོགས་གྲོགས་ཀྱི་སེམས་ལ་མ་འཐད་ན།།
ཨ་ཀྲད་སྙིགས་སྒམ་ནང་ལ་དེ་མར་རྫོངས།།
༢༠༡༧།༠༤།༡༣ དགོང་དྲོ་ཤར་མར་བྲིས།

Comments