Posts
Showing posts from 2012
ནས་རྩམ་དཀར་པོ། (ལྷག་དཀར་གྱི་ཞོགས་ཟས།)
- Get link
- X
- Other Apps

བརྗིད་ཆགས་ཕོ་བྲང་དཀར་པོ་འགྱིང་ས་ན།། རྟེན་དང་མཛད་པ་དཀར་པོ་ལུས་ཟིན་པ།། མགོན་གྱི་བླ་གཟའ་དཀར་པོའི་ཞོགས་པ་དེར།། མཇལ་འཛོམས་ནས་རྩམ་དཀར་པོས་ བསང་ཞིག་ གསོལ །། ཁ་བའི་འདབ་མ་དཀར་པོ་ འ བབ་ས་ན།། ཡབ་ཡུམ་ཐུགས་སེམས་དཀར་པོ་ལུས་ཟིན་པ།། རེས་གཟའ་ལྷག་པ་དཀར་པོའི་ཞོགས་པ་འདིར།། དྲིན་ ཅན ་ནས་རྩམ་དཀར་པོ ས་སྨོན་ཞིག་འདེབས །། གཞལ་ཡས་ཁང་བཟང་དཀར་པོའི་དྲོ་སྐྱིད་ནང་།། སྤུན་ཉེའི་བྱམས་སྐྱོང་དཀར་པོ་ལུས་ཟིན་པ།། རེ་བའི་ཞགས་ཐག་དཀར་པོའི་ཞོགས་པ་དེར།། དྲན་གདུང་ནས་རྩམ་དཀར་པོས་སྐྱེས་ཤིག་འབུལ།།
ཁ་བའི་བུ་མོ།
- Get link
- X
- Other Apps
ཚ་ཟེར་ཆེན་པོས་ལུས་ཟུངས་ལ་བདམས་རྐྱེན་ མགོ་ནས་སྨད་བར་རྔུལ་ཆུ་ཡིས་འཛིར་ ངོ་གདོང་གྱི་སྐྱི་ལྤགས་དག་ངར་གྱིས་འབུར་ཡོང་དུས་ བྱང་ཁོག་ན་འཁྱགས་ཆུས་བླུགས་པའི་ཁྱོད་རང་ བདག་གི་མག་མོག་གི་འཇིག་རྟེན་ན་སླར་ལོག་ཅིང་ བདག་གི་ཡན་ལག་ཡོད་ཚད་ལ་བདེ་བ་ཞིག་བྱིན་ན་འདོད། ཤ་ཡི་ཁུང་བུར་ཞེན་པ་ཆུང་བས་ འཇམ་བསྟན་གྱི་མལ་བར་དེ་ནས་བུད་ཟིན་དུས་ གྲང་ངར་ཞིག་ལ་སྙེགས་པའི་དུངས་བ་ཟབ་མོ་དེས་ བདག་གི་རྣམ་ཤེས་ལ་སྐུལ་མ་བཏབ་རྐྱེན་ མཉེན་ལྕུགས་ཀྱི་འདབ་མ་དེ་དག་ སླར་ཡང་སྔོན་མའི་མལ་བར་དེ་ནས་རུམ་བྱུང་། ཚོར་བ་རྐྱེན་པོར་ཕྱི་བལྟས་ཞིག་བྱས་རྗེས་ ཆགས་ཞེན་གྱི་སྙིང་རྩར་འདར་ཞིག་ལངས་ གསང་བ་ཆེན་པོ་ཞིག་ཁོག་ལ་ཉར་ནས་ འཛུམ་དམུལ་ངང་ཁྱོད་ལ་ངོ་བསྟོད་འགའ་བྱས་ རིན་ཐང་ཅི་ཡང་མེད་པའི་བྱུང་བ་དེ་དག བདག་གི་འདི་ལྟར་སྙན་ངག་གི་རི་མོར་བཀོད།། ༢༠༡༢།༠༨།༢༣ ཉིན།
ཐོལ་བྱུང་སེམས་ཀྱི་རང་མདོག (དགེ་རྒན་ཞིག་གི་ཕྱིར་དྲན་དུ་བྲིས།)
- Get link
- X
- Other Apps
རིགས་གྲོལ། མི་རྐྱང་ཀླད་པའི་རྫ་རི་སྨུག་པོར།། ལྗང་ལྗང་ཤེས་བྱའི་མགོ་བོ་འབུད་དུས།། སིམ་སིམ་རིག་པའི་ཆར་རྒྱུན་མེད་ན།། གཞུང་ལུགས་ནགས་ཀྱི་མུ་འབྲེལ་མི་ཐུབ།། ན་གཞོན་རིག་པའི་སྤང་ཐང་འགྲིམས་དུས།། འཚོ་བྱེད་རྫི་བོའི་གྲོགས་ཡ་མེད་ན།། གཏི་མུག་སྤྱང་ཀིའི་ མ ཆེ་སྡེར་བར་ནས།། གཡང་དཀར་ལུག་ཆུང་ཐར་ཐབས་མི་ འདུ ག། གཞུང་ལུགས་སྒོ་མོའི་ཐེམ་སྐས་འཛེག་དུས།། བཤེས་གཉེན་རྒས་པོའི་སྡེ་མིག་མེད་ན།། རིལ་རིལ་ཚིག་གི་སྒོ་ལྕགས་འོག་ནས།། བློ་ཆུང་བྱིས་པ་ལངས་ཐབས་མི་འདུག།
མེ་ལྕེ།
- Get link
- X
- Other Apps

དྲང་བདེན་གྱི་མེ་ལྕེ་ ་་་ རེ་ཞགས་ཤིག་གི་ སྣེ་ མོ་ནས་འཇུས་ཏེ་ བདག་གི་ མིག་ མདུན་ནས་ དམར་རྗེན་དུ་ འབར་ བློ་མིག་ཡོད་ཚད་ལ་གསལ་ ཐེབས་སུ་ གྱུར་ ཡང་ ཁྱོད་རང་ལྗོན་ཤིང་ཞིག་གི་ཚད་དུ་འགྲེང་ རྐྱེན ་ རྫུན་ཚིག་གི་ འདབ་མ་སེར་པོ་དེ་ས་ལ་ལྷུང་རྗེས་ སླར་ཡང་ལྗང་ཁུ་ཞིག་གིས་བཏུམས་ནས་ཁུ་སིམ་མེར་ཉལ། རང་དབང་གི་མེ་ལྕེ་ ་་་་ སྨྲ་ཤེས་དོན་གོ་བའི་མཚན་ཉིད་དི་འཚོལ་སླད་ བདག་གི་བྲང་ཁ་ནས་ལྷེམ་ལྷེམ་མེར་འབར་ ཡོད་ཚད་ ནས་ཡོད་ཚད་ སད་རན་ ཡང་ ཁྱོད་རང་རྡོ་བ་ཞིག་གི་ཚུལ་དུ་འདུག་རྐྱེན་ དྲང་ཚིག་གི་ གཡོ་བ་ཐེངས་ཤིག་ཀྱང་མེད་པར་ ས་གཞི་དྲོན་མོ་ལྗིད་ཀྱིས་ཁུར་ནས་ཉལ།
དེང་རབས་ཀྱི་མཛེས་སྡུག།
- Get link
- X
- Other Apps
མཁའ་སྤྲིན་སྨུག་པོའི་བར་ནས།། ཐུག་སྒྲ་ངར་གྱིས་སྒྲོག་དུས།། གཡུ་འབྲུག་སྔོན་མོ་ཞིག་ཀྱང་།། སྐྲག་ནས་ལྐུགས་སུ་གྱུར་ཐལ།། མཁའ་ལམ་མཐོ་པོའི་ཐོག་ན།། ལྕགས་གྲུ་ནམ་ཕངས་གཅོད་དུས།། བྱིའུ་ཆུང་ཅོ་ཀ་ཞིག་ཀྱང་།། འཁང་ནས་ཁ་འདར་ལང་ཐལ།། དེང་རབས་གྲོང་ཁྱེར་གསར་པར།། སྣུམ་ཟ་འུར་གྱིས་འགུལ་དུས།། རྟ་རྒན་རྐྱང་པོ་ཞིག་ཀྱང་།། ཧོན་ནས་ཐང་ལ་འགྱེལ་ཐལ།།
བདེན་པ་འཚོལ་བ།
- Get link
- X
- Other Apps
བྱམས་སྐྱོང་དྲོན་མོ་ཞིག་དང་། བརྩེ་བ་ཟབ་མོ་ཞིག་ང་ཚོའི་ལུས་ཐོག་ནས་བཤུས་རྐྱེན། གཅེར་བུར་ཐང་ལ་བུད་པ་ཇི་འདྲའི་སྐྱོ། བག་ཆགས་འདི་བྲུས་ནས་བཙལ་ཞིང་། བསྔོགས་ནས་བཏོན་ཡང་། ང་ཚོའི་ལུས་ཐོག་གི་རང་དབང་ལ་བདེན་ཁ་ཞིག་མེད་སོང་། ཕམ་ཁ་ལྕི་མོ་ཞིག་གིས་གཡང་ལ་ལྷུང་ཞིང་། གྱོན་ཁ་ཆེན་མོ་ཞིག་གི་ས་ལ་བསྒྱེལ་ཡང་། ང་ཚོ་ད་དུང་བདེན་ཁ་གསོན་པོ་ཞིག་གི་ཚོད་དུ། ལྷུང་ས་ནས་འཛེག་ཞིང་། བསྒྱེལ་ས་ནས་ལང་གིན་པ་ཁྱོད་ཀྱིས་མ་མཐོང་ངམ། འཇིག་རྟེན་ཡ། འཇིག་རྟེན། ཁྱོད་ངོ་མ་དེ་ལྟར་གཉིད་སོང་བ་ཡིན་ནམ། ཡང་ན་ཁྱོད་ཀྱིས་ཀྱང་ང་ཚོའི་ལས་དབང་ལ་དེ་ལྟར་ཚད་བཏབ་པ་ཡིན།
ང་རང་གི་ཁ་ཡི་ཉེས་པ།
- Get link
- X
- Other Apps
ཁ་ཐུག་དྲང་གཏམ་གཞན་ལ་ཤོད་པའི་ང་།། ཁ་ཞེ་གཉིས་ཀྱི་དགྲ་ཡི་དྭངས་མར་འགྱུར།། ཁ་ཡི་རྒྱུ་བ་དམ་གྱིས་མི་སྲུང་བ།། ཁ་ཐོར་ཡ་བོར་འགྲོ་བའི་རྒྱུ་རུ་མཐོང་།། ཁ་དཀར་ཁོག་གནག་རྒྱུག་རྒྱུག་མང་པའི་ང་།། ཁ་ཀྱོག་སྣ་ཀྱོག་གདུག་པའི་གཡང་ལ་ལྟུང་།། ཁ་མདོག་དེ་ལ་དང་བ་ཞེན་ཆེས་པ།། ཁ་ཁྲག་སྣ་ཁྲག་བཞུར་བའི་རྫས་སུ་མཐོང་།། ཁ་བདེ་འཆལ་གཏམ་སྨྲ་བ་མང་བའི་ང་།། ཁ་མཆུ་བཙན་པོ་མགོ་བོའི་ཐོག་ཏུ་ལེན།། ཁ་ལྕེ་དེ་ལ་གཅེས་པའི་བདག་མེད་པ།། ཁ་སོ་དེ་ཡང་ཤོར་བའི་བལྟས་སུ་མཐོང་།།
དོན་དངོས་ལས་འདས་པའི་ཁྱོད།
- Get link
- X
- Other Apps
ཁྱོད་རང་མེ་ཏོག་ཞིག་གི་ཚུལ་དུ་བཞད་ཚེ་ བདག་གི་མིག་ཟུང་གི་བུང་བ་མཁའ་ལ་འཕྱོ་ རྟོག་བ་ཞིག་གི་ཕང་པ་ནས་འཚོ་བའི་འགྱུ་བ་ཞིག་ དོན་དངོས་ཀྱི་བྱ་བར་སྡོམ་ཚིག་རེ་འགོད་ཀྱིན་བུད་དུས་ སྨྲ་བ་དང་བྲལ་བའི་ཚོར་བ་སྐྱེན་པོ་ཞིག་ བདག་གི་བྲང་ཁ་ན་འུར་གྱིས་འཚང་འོང་། བསམ་གཞིག་གི་སྒྱུ་བ་གསོན་པོ་འདི་ དོན་དངོས་ཀྱི་བདེན་ཁ་ཞིག་ལ་གྱུར་སྲིད་ན་ བདག་གིས་ཀྱང་འཇིག་རྟེན་དེ་ནས་འཚོ་ཞིང་ བྱ་བ་གང་མང་ལ་ཚིག་གི་རྒྱུ་བ་བཀོད་ནས་ སྙན་ངག་གི་ཁྱིམ་གཞིས་གསོན་པོ་ཞིག་བཟོ་ན་འདོད།
ཧྥིརིདྲོམ། (དེ་ནི་རང་བཙན་ཞེས་པའི་དོན་རེད།)
- Get link
- X
- Other Apps
FREEDOM ( THAT´S WHAT RANGZEN MEANS ) Lyric by Joe Hamilton ཧྥིརིདྲོམ། ( དེ་ནི་རང་བཙན་ཞེས་པའི་དོན་རེད། ) དགྲ་བོའི་རྫུན་གཏམ་དང་། འཆི་སྐྱོན་གྱི་གོད་ཆགས་ལྷན་ བོད་ལྗོངས་དེ་ལྟར་འཚོ་གིན་པ་ང་ཚོས་ཤེས་ཡོད་རྐྱེན་ སྤྲིན་ཕུང་འདིའི་འོག་ནས་སྐད་གསང་མཐོ་པོ་དང་ འབོད་པ་གསལ་པོ་ཞིག་གིས་ཁོང་ཚོའི་མགྲིན་ངག་མཚོན་ནམ་ རེ་རྒུག་ཞིག་ལ་འཇུས་ནས་ཁུ་སིམ་མེར་ཉལ་ རང་རང་ལ་བབས་པའི་འདེམ་ཀ་རེ་ཡོད་ཀྱང་ ད་དུང་ཡང་ང་ཚོ། ནམ་ཞིག་དང་ཇི་ལྟར་ཞེས་བསམ་གཞིག་ཀློང་ན་ལྷུང་། ཧྥིརིདྲོམ། ་་་་་ ཧྥིརིདྲོམ། ་་་ ཧྥིརིདྲོམ། ་་་་ དེ་ནི་རང་བཙན་ཞེས་པའི་དོན་རེད། རེད། དེ་ནི་རང་བཙན་ཞེས་པའི་དོན་རེད།
ངག་གླུ་ཐད་སྦྱར་མ།
- Get link
- X
- Other Apps

མཛེས་སྡུག་སྙིང་གི་མེ་ཏོག། ཐག་རིང་སྤང་ལ་བཞད་པ།། ཡིད་ཀྱིས་དྲན་པ་མ་གཏོགས།། མཇལ་བའི་སྐལ་བ་མི་འདུག། འགྱུར་མེད་སེམས་ཀྱི་སྡུད་པ།། རྡོ་རྗེ་བྲག་ལ་བཏབ་ཀྱང་།། ལས་དབང་བཙན་པོ་ཞིག་གིས།། ཐལ་བའི་རྡུལ་དུ་བཏང་སོང་།། མ་གསང་སེམས་ཀྱི་སྐད་ཆ།། ཤབ་ཤུབ་རླུང་ལ་བསྐུར་ཡོད།། མཉེན་ལྕུག་འདབ་མ་ཅན་མས།། སྙན་གྱིས་གསན་པ་གནང་རོགས།། དབང་ཆེན་སད་དང་སེར་བས།། ལྗོན་པར་གནོད་པ་མེད་ན།། མ་འགྱུར་སེམས་ཀྱི་ཟེའུ་འབྲུ།། བརྟེན་པོར་གཟུང་རོགས་གནང་དང་།།
- Get link
- X
- Other Apps
Another "hot potato" in the works !! " ཚ་ཚ་འུར་འུར་"གྱི་གནད་དོན་ཞིག་གཞན་ཞིག MEANINGFUL AUTONOMY མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་། by Joe Hamilton ཕྱིར་ཟློག་མེད་པའི་མཚམས་འདི་ནས་ ལ་ལ་ཞིག་མེར་སྲེག་གི་ལམ་ལ་ཞུགས་ཤིང་ གོ་ལ་ཧྲིལ་པོས་མེ་ལྕེའི་དབུས་ཀྱི་དྲང་བདེན་དེར་ བལྟས་བལྟས་ཀྱིས་་་་་ དུས་ཡུན་དེ་ཙམ་ཞིག་སྒུག་སོང་བ་ སུ་ཞིག་ལ་ཁག་ངན་སྦྱིན་འོས་ མང་མང་གིས་ཤི་ཞིང་། གཞན་རྣམས་ཀྱིས་དོན་གནད་དེ་ལས་གཡོལ་ཐབས་བྱེད་དུས་
སྙན་ངག་པ། ང་རང་ཁྱོད་ཀྱི་པང་དུ་ལོག་ན་འདོད།
- Get link
- X
- Other Apps
ལས་དབང་དང་བརྙས་བཅོས་ཅི་ཡིན་མི་ ཤེས་ཀྱང་། འཇིག་རྟེན་འདིའི་སེང་རས་ཡོད་ཚད་ ནས་ འགུལ་མི་ཐུབ་པའི་ཁུར་པོ་ཞིག་བྱི ན་རྐྱེན་ ང་རང་ ཁྱོད་ཀྱིས་བསྟན་པའི་ལམ་བུ་ནས་དེ ་ལྟར་གྱེས་དགོས་བྱུང་། བགྲང་བྱ་དེ་དག་གི་དུར་རླུང་དབུས ་ནས་ ངས་ཁྱོད་ཀྱི་སྟངས་སྟབས་རེ་རེ་མཛ ེས་སྡུག་དུ་བསམ་སྟེ་ དྲན་འཆར་རེ་རེ་སེམས་ཁོང་དུ་རུམ་ རྐྱེན་ ཁོག་ན་བཤད་མི་ཤེས་པའི་ན་ཟུག་ལྕི ་མོ་ཞིག་གིས་མནར་ཞིང་ བྱ་བ་ཐ་དག་ལ་ཞེན་ཁ་ཡལ་བའི་འདུ་ས ློང་དེ་དག་ ཁྱོད་ཀྱིས་ང་ལ་བྱིན་པའི་རིན་ཐང་ ཞིག་ཡིན་ན་འདོད་ སེམས་འགྱུ་ངར་མ་འདིས་ ང་རང་སླར་ཡང་ཁྱོད་ཀྱི་པང་དུ་ལོག ་ན་འདོད་ སེམས་ཁམས་ཀྱི་གཡོ་བ་རེ་རེ་དང་ གོམ་སྟབས་ཀྱི་འགུལ་མོ་རེ་རེས་ ཁྱོད་ཀྱི་པང་དུ་ལོག་ན་འདོད། ༢༠༡༡།༠༩།༢༥ ཉིན་བྲིས།
བརྗོད་མི་ཚར་བའི་སེམས་ཀྱི་སྐད་ཆ།
- Get link
- X
- Other Apps
མི་ལོ་དེ་དག་གི་རིང་། ཡོད་ཚད་ནས་ཡོད་ཚད་སྨག་གིས་རུམ་རྐྱེན། ནག་ལོང་ལོང་གི་འཇིག་རྟེན་འདི་ནས། ང་ཚོས་ཅི་ཡང་མི་རྙེད་ཅིང་ཅི་ཡང་མ་ཐོབ། ཐ་ན་ང་ཚོར་ཡོད་པ་ནི། ཁྲག་དྲི་དང་རུལ་དྲི་ཐུལ་གྱིན་པའི་ དུར་ས་ཞིག་རེད། འོན་ཀྱང་། ཆོས་སེམས་དང་བློས་གཏོང་གིས་བསྐུལ་བའི་སྒྲོན་མེ་དེ། དཔའ་ངར་དང་སྙིང་སྟོབས་ཀྱིས་འབར་གྱིན། ལོ་རྒྱུས་ཀྱི་དེབ་ཐེར་ལ་ཤོག་ལྷེ་གསར་པ་ཞིག་སྣོན་དུས། ཕ་མེས་དང་ཡང་མེས་ཚོའི་བྱུང་རབས་སྟེ། གསུམ་གཉིས་སྡུ་བོ་རྒྱལ་བློན་ཚོའི་སྣང་བརྙན་ བདག་གི་མིག་ལམ་ན་ལྷང་ལྷང་དུ་ཤར་བྱུང་།