ཧྥིརིདྲོམ། (དེ་ནི་རང་བཙན་ཞེས་པའི་དོན་རེད།)


FREEDOM ( THAT´S WHAT RANGZEN MEANS )
Lyric by Joe Hamilton

ཧྥིརིདྲོམ།  (དེ་ནི་རང་བཙན་ཞེས་པའི་དོན་རེད།)

དགྲ་བོའི་རྫུན་གཏམ་དང་། འཆི་སྐྱོན་གྱི་གོད་ཆགས་ལྷན་
བོད་ལྗོངས་དེ་ལྟར་འཚོ་གིན་པ་ང་ཚོས་ཤེས་ཡོད་རྐྱེན་
སྤྲིན་ཕུང་འདིའི་འོག་ནས་སྐད་གསང་མཐོ་པོ་དང་
འབོད་པ་གསལ་པོ་ཞིག་གིས་ཁོང་ཚོའི་མགྲིན་ངག་མཚོན་ནམ་
རེ་རྒུག་ཞིག་ལ་འཇུས་ནས་ཁུ་སིམ་མེར་ཉལ་
རང་རང་ལ་བབས་པའི་འདེམ་ཀ་རེ་ཡོད་ཀྱང་
ད་དུང་ཡང་ང་ཚོ། ནམ་ཞིག་དང་ཇི་ལྟར་ཞེས་བསམ་གཞིག་ཀློང་ན་ལྷུང་།

ཧྥིརིདྲོམ། ་་་་་ ཧྥིརིདྲོམ། ་་་ ཧྥིརིདྲོམ། ་་་་
དེ་ནི་རང་བཙན་ཞེས་པའི་དོན་རེད།
རེད། དེ་ནི་རང་བཙན་ཞེས་པའི་དོན་རེད།


ཁོང་ཚོའི་སྙིང་སྟོབས་དང་གདུང་བ། ཐོབ་ཐང་དང་ངུ་འབོད་
འཆད་བྱ་མཐའ་དག་དེ་རང་སྟེ་
ང་ཚོས་གཏོར་བྱའི་མཚམས་དབྱེ་དེ་
ལམ་ཐད་ཀ་ཞིག་ནས་མྱུར་དུ་བཅད་དགོས་ཀྱང་
རང་འགའ་བ་ལ་ལས་འགྱུར་བའི་རེ་སྒུག་ལ་ལག་འཇུ་སྲིད་མོད་
དེ་ནི་ངོ་མ་ཕྱིས་དྲག་རྒྱུ་རེད།
སྨོན་ལམ་འབུམ་ཕྲག་བྱས་ཀྱང་། འཆད་རྒྱུ་ནི་ཚིག་རྐང་གཅིག་སྟེ།


ཧྥིརིདྲོམ། ་་་་་ ཧྥིརིདྲོམ། ་་་ ཧྥིརིདྲོམ། ་་་་
དེ་ནི་རང་བཙན་ཞེས་པའི་དོན་རེད།
རེད། དེ་ནི་རང་བཙན་ཞེས་པའི་དོན་རེད།

རྩིག་གྱང་མཐོ་པོ་དེ་འགྱེལ་སོང་བའི་ཉིན་མོར་
ཁོ་ཚོ་ཚང་མས་དྲང་བདེན་ལ་སྲུང་གྱིན་འཚོ་ཞིང་
ང་ཚོས་འབོད་ཚིག་མཐའ་དག་ལ་ལན་བཏབ་ཟིན་མཚམས་
ད་གཟོད་ཁོང་ཚོའི་རང་བཙན་གྱི་དགོས་དོན་གྲུབ་པ་ཤེས་རྒྱུ་རེད་ཀྱང་
སྐྱོ་འོས་པ་ནི་་་་་ ཉེ་འཁོར་ན་འདུག་པ་ཚོས་དམའ་འབེབས་ཇི་ལྟར་བྱེད་ཀྱང་
ང་ཚོ་ངན་བྱས་ལ་ངོ་རྒོལ་བའི་འགན་འཁུར་གྱི་
རིན་ཐང་ལྡན་པའི་བྱ་བ་དེར་རྒྱབ་ཀྱིས་ཕྱོགས་ནས་གནས་ཡོད།

ཧྥིརིདྲོམ། ་་་་་ ཧྥིརིདྲོམ། ་་་ ཧྥིརིདྲོམ། ་་་་
དེ་ནི་རང་བཙན་ཞེས་པའི་དོན་རེད།
རེད། དེ་ནི་རང་བཙན་ཞེས་པའི་དོན་རེད།

༢༠༡༢།༠༨།༠༢ ཉིན་བསྒྱུར།


Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།