Another
"hot potato" in the works !!
" ཚ་ཚ་འུར་འུར་"གྱི་གནད་དོན་ཞིག་གཞན་ཞིག
MEANINGFUL
AUTONOMY
མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་།
by Joe Hamilton
ཕྱིར་ཟློག་མེད་པའི་མཚམས་འདི་ནས་
ལ་ལ་ཞིག་མེར་སྲེག་གི་ལམ་ལ་ཞུགས་ཤིང་
གོ་ལ་ཧྲིལ་པོས་མེ་ལྕེའི་དབུས་ཀྱི་དྲང་བདེན་དེར་
བལྟས་བལྟས་ཀྱིས་་་་་
དུས་ཡུན་དེ་ཙམ་ཞིག་སྒུག་སོང་བ་
སུ་ཞིག་ལ་ཁག་ངན་སྦྱིན་འོས་
མང་མང་གིས་ཤི་ཞིང་།
གཞན་རྣམས་ཀྱིས་དོན་གནད་དེ་ལས་གཡོལ་ཐབས་བྱེད་དུས་
ཆིག་སྒྲིལ་གྱི་སྐད་ཆ་རེ་བཤད་ཀྱང་
དགྲ་བོ་མདུན་སར་བསླེབས་ཚེ་
ཁྱོད་ཀྱིས་ཀྱང་དགྲ་བོར་ལེགས་བཅོས་ཀྱི་འགྱུར་བ་ཞིག་ཡོང་རྒྱུར་རེ་ཞིང་
ང་ཚོར་ཟུག་རྔུའི་ཁྲོད་ནས་དལ་བུས་འཆི་གྱིན་པ་མཐའ་དག་
“འགྲིག་འགྲོ་རྒྱུར་”ཡིད་ཆེས་བྱེད་ན་འདོད་ཡོད་
ངོ་མ་་་་
མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གོ་དོན་འདི་རེད་དམ་
ང་ཚོས་དེ་ལྟར་ཇི་ཙམ་ཞིག་སྒུག་རྒྱུ་ཡིན་
འདི་རྩེད་མོ་ཞིག་རེད་དམ་
ཡང་ན་་་་་་ ཁོ་ཚོ་དེ་ལྟར་སྙིང་པོ་མེད་པར་འཆི་དགོས་པ་རེད་
དོན་ངོ་མ་པོ་ཤེས་མཁན་ནི་ཁོ་ཚོ་ཡིན་ཞིང་
ཁོ་ཙོའི་ལན་ནི་མ་རེད་ཁོ་ན་ཡིན་པས་
ཁྱོད་ཀྱིས་ཁོ་ཚོའི་ལས་དབང་དེ་ལྟར་ཁས་བླངས་པ་ཡིན་ནམ་
མང་མང་གིས་ཤི་ཞིང་།
གཞན་རྣམས་ཀྱིས་དོན་གནད་དེ་ལས་གཡོལ་ཐབས་བྱེད་དུས་
ཁྱོད་ཀྱིས་རང་ཉིད་ཀྱི་གོ་དེ་སྐབས་སྲུང་རྒྱུའི་ཆེད་
ཆིག་སྒྲིལ་གྱི་སྐད་ཆ་རེ་བཤད་ཀྱང་
དགྲ་བོ་མདུན་སར་བསླེབས་ཚེ་
ཁྱོད་ཀྱིས་ཀྱང་དགྲ་བོར་ལེགས་བཅོས་ཀྱི་འགྱུར་བ་ཞིག་ཡོང་རྒྱུར་རེ་ཞིང་
ང་ཚོར་ཟུག་རྔུའི་ཁྲོད་ནས་དལ་བུས་འཆི་གྱིན་པ་མཐའ་དག་
“འགྲིག་འགྲོ་རྒྱུར་”ཡིད་ཆེས་བྱེད་ན་འདོད་ཡོད་
ངོ་མ་་་་
མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གོ་དོན་འདི་རེད་དམ་
༢༠༡༢།༠༧།༢༨
ཉིན་བསྒྱུར།
Comments