གྲང་རེག་ཅན་མ།

          

     
                        ཚ་གདུང་དང་སྲིན་འབུ་ཡིས་སྡང་བའི་ནུབ་མོ་དེར་   
                    རྨི་ལམ་དང་འཆར་ཡན་ཟུང་གིས་                       
  ཁྱོད་ཀྱི་ངོ་གདོང་སྒོར་མོ་                       
     བདག་གི་མིག་ཟུང་ན་སླར་ཡང་མངོན།
                                 རེད་ཡ་་་ ཉིན་མོ་དེར་             
                      མཆི་མས་བརླན་པོར་གྱུར་བའི་ཞལ་ཁྱིམ་དེས་        
                             བདག་ལ་རེ་བའི་མིག་ཞགས་ཅིག་ཀྱང་འཕེན་ཁོམ་མེད་པར་
                                           སུ་ཞིག་ལ་འཁང་བ་ཇི་བཞིན་                  
                           མགོ་མོ་ནང་དུ་དུད་ནས་དེ་ལྟར་བུད་སོང་།
                                                  རྒྱུན་ལྡན་རྒྱུན་ལྡན་ཞིག་ལ་         
                                           ངས་སྙན་ངག་གི་བག་མར་གཡེངས་དུས་          
                                             ཁྱོད་ཀྱིས་གསང་བ་ཞིག་རྟོགས་སོང་བ་ལྟར་       
                                                   
                                    མིག་སེར་དང་ལེ་འདའ་བྱས་མྱོང་ཡང་                                                      
                                                 ད་ཆ་ཡོད་ཚད་རྨག་གིས་བཅོམ་པ་བཞིན་    
                                         ཁེར་རྐྱང་གི་འཚོ་བར་ཐིམ་སོང་།                                
                                          ཁྱོད་ཀྱིས་བུད་ཤུལ་ནས་         
                            དྲི་བསུང་ཞིག་རླུང་བུས་འདེད་པ་བཞིན་       
                          གྲིབ་མ་ཞིག་རབ་རིབ་གྱིས་བཀོད་པ་བཞིན་         
                    བདག་གི་མིག་ཟུང་དང་། སྣ་ལམ་དུ་འཇགས་ཤིང་།          
              བྲང་ཁ་ན་འཚང་ཡོང་དུས་             

      དཔེ་དེབ་ཀྱི་འཚོ་བར་ཡང་སྙིང་པོ་མི་ལྡན་པ་       
        བདག་རང་ཉིད་ཀྱི་རྟོག་བཏགས་ལ་སེམས་ཀྱང་།
                     ད་ཆ་་་་་་་་་་་་་   སྙན་ངག་དང་རིང་དུ་གྱེས་ཏེ་         
                    དོན་དངོས་ཀྱི་འཇིག་རྟེན་གཞན་ཞིག་ནས་         
                         སྤྲོ་སྣང་གི་བསྐྱལ་བའི་ལོ་ཟླར་ཕྱིར་འདང་རེ་བྱེད་ཀྱི
               གས་ཆགས་དང་སྐྱ་མདོག་གི་འཚོ་བ་ཞིག་སྐྱོང་བཞིན་ཡོད།              
༢༠༡༢།༠༧།༢༨ ཉིན།


Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།