སྤེན་བཅུ།













ངག་རྒྱུན་རྒས་པོའི་སྐད་ཆ་སྙན་མོ་ལ་ཉན་ན།།
གཟའ་སྐར་ནང་གི་དྲུག་པ་སྤེན་པ་དང་ཚེས་བཅུ།།
མཉམ་དུ་འཕྲད་པའི་དུས་བཟང་འདི་འདྲ་ཞིག་བྱུང་ན།།
བྱ་བ་ཐ་དག་ལེགས་ལེགས་ལམ་འགྲོ་ཡིས་གྲུབ་ཟེར།།

སྲོལ་རྒྱུན་དེ་ལ་དད་པའི་ཡིད་ཆེས་ཤིག་བཀོད་ནས།།
ལྷ་དང་སྲུང་མར་རེ་བའི་སྨོན་ལམ་ཞིག་བཏབ་རྗེས།།
འཇིག་རྟེན་མཛེས་མའི་བཞིན་གྱི་སྒེག་ཉམས་དེ་བསམས་ནས།།
ཕྱི་ཡུལ་ཕྱོགས་སུ་གོམ་ཁ་དང་པོ་དེ་སྤོས་ཡིན།།


ཞོགས་པའི་ཉི་གཞོན་ཤར་རིའི་ཕང་པ་ནས་བཞད་ཅིང་།།
འཛིན་རྟེན་འདི་ལ་འཛུམ་གྱིས་བསུ་ཚུལ་དེ་མཛེས་ཀྱང་།།
སྤྲིན་གྱི་ཕོ་ཉས་ངམ་གནག་བཞིན་ནག་ཅིག་སྟོན་གྱིན།།
ཅི་ཞིག་བྱུང་བར་མྱ་ངན་དགོས་ཚུལ་གྱིས་བསྒྲིབས་འདུག

རྒྱུན་ལྡན་ཞིག་གིས་གསར་ཤོག་བལྟ་ཀློག་ཅིག་བྱེད་དུས།།
ས་འགུལ་ཆེན་པོས་ཚེ་སྲོག་གྲང་མེད་ལ་གནོད་པའི།།
པར་རིས་མང་པོ་མིག་གི་འདུན་ངོས་ནས་ཤར་དུས།།
གནའ་རབས་རྒས་པོར་དྲེགས་པའི་ང་རྒྱལ་ཞིག་ལང་ཐལ།།

༢༠༡༣།༠༤།༢༠  སྤེན་བཅུ་ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།