ང་དང་ཁ་བ། ཁ་བ་དང་ང་།


















ཁ་བ་་་་་ ངའི་སེམས་ཁོངས་སུ་བཞུར་བའི་ལྷ་ཆབ་དཀར་མོ།
ཁ་བ་་་་་ ངའི་སྙིང་ཁམས་ན་བཞད་པའི་མེ་ཏོག་དཀར་མོ།
ཁ་བ་་་་་ ངའི་ལུས་ཐོག་ན་གྱོན་པའི་ལྭ་བ་དཀར་མོ།
ཁ་བ་་་་་ ངའི་ལམ་རྒྱག་ཏུ་སྤྱོད་པའི་ནས་རྩམ་དཀར་མོ།
ཁ་བ་་་་་ ངའི་གནས་ཚང་གི་བྱིན་པའི་རུམ་གདན་དཀར་མོ།
ཁ་བ་་་་་ ངའི་རྒྱང་རིང་དུ་འགྲོད་པའི་ཆོས་གྲོགས་དཀར་མོ།

                  
ང་རང་་་་་ ཁ་བའི་བཞུར་རྒྱུན་སྒུག་པའི་གསེར་ཉ་ལྡེམ་མོ།
ང་རང་་་་་ ཁ་བའི་མཛེས་སྡུག་བསུ་བའི་གཡུ་སྦྲང་སྔོན་མོ།
ང་རང་་་་་ ཁ་བའི་འོད་འདངས་ཀྱིས་བསྐྱངས་པའི་གངས་ལྷ་སྒེག་མོ།
ང་རང་་་་་ ཁ་བའི་རྩི་བཅུད་ཀྱིས་དྲངས་པའི་ལྷ་གཡག་རོག་མོ།
ང་རང་་་་་ ཁ་བའི་རུམ་ཁུག་ན་ཉལ་བའི་མེ་ཏོག་དཀར་མོ།
ང་རང་་་་་ ཁ་བའི་མཛེས་སྡུག་ལ་ཆགས་པའི་དགའ་གྲོགས་སྡུག་མོ།།
མདོར་ན་་་་
ང་དང་ཁ་བ་་་ ཁ་བ་དང་ང་་་་
ཡོད་ཚད་ནས་ཡོད་ཚད་
ང་དང་ཁ་བ་བཞིན། ཁ་བ་དང་ང་བཞིན་་་་་་་་་་་་་་་་་་་་
༢༠༡༣།༠༤།༠༧ ཉིན་བཅོས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།