ཀུ་ཤུ་ཤིང་སྡོང་དང་རིང་ས་ནས་ལྷུང་གི་མ་རེད།


The apple doesn’t fall far from the tree.
ཀུ་ཤུ་ཤིང་སྡོང་དང་རིང་ས་ནས་ལྷུང་གི་མ་རེད།

ཁྱོད་ཀྱིས་ཕྲུ་གུར། བརྙན་འཕྲིན་རྒྱུན་རིང་བལྟ་མི་ཉན། ཕན་ཐོགས་གང་ཡང་མེད་ཁར་མིག་ཟུང་ལ་གནོད་རྒྱུ་རེད་ཟེར་ཡང་། དགོང་མོའི་དུས་ཚོད་དགུ་པར་ཁྱོད་རང་ཉིད་བརྙན་འཕྲིན་ལ་སྦྱར་ནས་རྟ་མཆོག་བརྒྱ་ཡིས་འཐེན་མི་ཐུབ་པ་ལྟ་བུའི་མཚམས་སུ་བསླེབས་ན། ཨ་མ་་་་ ཁྱེད་ཀྱི་སྤྱན་གཉིས་དངོས་པོ་གཞན་ལས་གྲུབ་པ་རེད་དམ། ཞེས་དྲི་ངེས།
ཁྱོད་ཀྱིས་ཕྲུ་གུར། རྫུན་མ་ཤོད་ཟེར་ཡང་། ཁ་པར་ཞིག་ཐོན་དུས། ཁྱོད་ཀྱིས་ང་རང་མི་འདུག་ལོབ་ཅེས་བསྐུལ་ན། ཨ་མ་་་་ ལོ་བཅོ་བརྒྱད་ཡོལ་ན་རྫུན་སྨྲ་བའི་གནང་བ་བྱིན་ཡོད་པ་རེད་དམ། ཞེས་དྲི་ངེས།
ཁྱོད་ཀྱིས་ཕྲུ་གུར། རྒན་པར་གུས་ཞབས་བྱ་དགོས་ཟེར་ཡང་། ཁྱོད་རང་ཉིད་ཀྱིས་མ་བྱན་ལོ་ན་ལྔ་བཅུ་ཅན་ལ་དབུགས་ཐེངས་ཅིག་གིས་གཤེ་དུས། ཕྲུ་གུ་ཧང་སང་སྟེ་ཁྱོད་ལ་བལྟས་ནས། ཨ་མ་་་་ རྒན་པར་གུས་ཞབས་ཞེས་པ་དབང་ཆ་ཆེ་ཆུང་ལ་གོ་བ་རེད་དམ། ཞེས་དྲི་ངེས།

ཁྱོད་ཀྱིས་ཕྲུ་གུར། ཐུགས་རྗེ་ཆེ་ཞུ་རྒྱུ་ཤེས་དགོས་ཟེར་ཡང་། ཁྱོད་རང་གིས་ཕྱི་མིས་ལས་དོན་ཆུང་ཚེག་རེ་སྒྲུབ་རོགས་བྱས་ན་ཐུགས་རྗེ་ཆེ་ཟེར་བ་ལས། ནང་མིས་ལས་དོན་ཇི་འདྲ་ཞིག་བསྒྲུབས་ཀྱང་ཐུགས་རྗེ་ཆེ་ཞུའི་འབད་བརྩོན་ཙམ་མི་བྱེད་པས།  ཨ་མ་་་་ ངས་ཐུགས་རྗེ་ཆེ་ཞེས་ཕྱི་མི་དང་། ཕྱི་མིའི་མདུན་གཅིག་བུ་ལ་ཞུ་དགོས་པ་རེད་དམ། ཞེས་དྲི་ངེས།
ཁྱོད་ཀྱིས་ཕྲུ་གུར། དུས་ཚོད་སྟོང་པར་དཔེ་དེབ་ཅིའི་ཕྱིར་མི་ཀློག་ཟེར་ཡང་། ཁྱོད་རང་ཉིད་དུས་ཚོད་སྟོང་པ་ཡོད་ཚད་ལ་ཁ་པར་ཐོག །གནས་ཚུལ་གསར་པ་འདི་དང་དེ་་་་ ཁོས་དེ་ལ་འདི་བྱས་་་་་ འདི་དང་དེ་མ་བྱས་་་་ ཟེར་བ་སོགས་བཤད་དེ་བསྐྱེལ་ན། ཨ་མ་་་་ ཁ་པར་ཐོག་ཁ་བརྡ་བྱེད་པ་དཔེ་དེབ་ཀློག་པ་དང་རིན་ཐིང་གཅིག་རེད་དམ། ཞེས་དྲི་ངེས།
ཁྱོད་ཀྱིས་ཕྲུ་གུར། ལག་པ་ཤོགས་པོ་དགོས། རྒྱུན་དུ་རྩེད་ཆས་གྲོགས་པོ་ཚོ་དང་མཉམ་དུ་རྩེ་དགོས་ཟེར་ཡང། ཁྱོད་རང་གིས་གཡར་པོ་བྱས་པའི་དངོས་པོ་ཡང་ཕྱིར་སློག་མེད་པར། བདག་འཛིན་དང་། སྦས་བསྐུངས་བྱས་རྐྱེན། ཁྱིམ་མཚེས་ཚོ་དེ་དག་གི་ཆེད་ཁྱོད་རང་གི་སྒོ་ཁར་ཡོང་བའི་གོམས་གཤིས་ངན་པ་དེར་ཡར་རྒྱས་བྱུང་གི་མེད།
ཁྱོད་ཀྱིས་ཕྲུ་གུར། བློས་གཏོང་ཤེས་པ་དགོས་ཟེར་ཡང་། ཁྱོད་རང་གིས་རྒྱུན་དུ་གྲོགས་པོ་དང་། ཁྱོ་གས་ནོར་འཁྲུལ་ཅུང་ཙམ་རེ་བྱས་པར་གཤེ་བ་དང་། སྡིགས་མོ་བྱེད་པ་སོགས་ཕྲུ་གུས་མཐོང་གི་ཡོད།
          ཁྱོད་ཀྱིས་ཕྲུ་གུར། བཟོད་སྲན་ཐུབ་དགོས་ཟེར་ཡང་། ཁྱོད་རང་ཉིད་ཁོང་ཁྲོ་ལང་དུས་སྐད་ཤུགས་ཇེ་ཆེ་དང་སྐད་ཅོར་ཇེ་མང་དུ་འགྲོ།

          ཁྱོད་ཀྱིས་ཕྲུ་གུར། གཞན་ལ་བརྡེག་མི་ཉན་ཟེར་ཡང་། ཁྱོད་རང་ཉིད་ཀྱིས་ཕྲུ་ཁུའི་ཐོག་ཐལ་ལྕག་དང་། འགྲམ་ལྕག་སོགས་ཀྱིས་ཉེས་པ་གཏོང་།
          ཁྱོད་ཀྱིས་ཕྲུ་གུར། རང་ཉིད་ཀྱི་ནོར་བ་ངོས་ལེན་ཐུབ་དགོས་ཟེར་ཡང་། ཁྱོད་རང་ཉིད་ཀྱིས་ནོར་འཁྲུལ་རེ་བྱས་ཚེ། ངོས་ལེན་མེད་པར་འགྲིག་ཐབས་ཀྱི་ཁུངས་ལུང་རེ་འཚོལ།
          མཐའ་མ་ཁྱོད་ཀྱིས་ལག་ཟུང་ཁྲོ་སློང་གིས་གཡུག་བཞིན། ཕྲུ་གུས་ང་ཚོས་བཤད་པར་ཉན་གྱི་མི་འདུག་ཟེར་ཡང་།
          སྙིང་ཉེ་བའི་སྤུན་ཟླ་ལགས། ཕྲུ་གུ་ཚོས་འཚར་ལོངས་ཆེད་ཐ་དག་ཁྱོད་རང་ལས་དཔེ་བཤུ་བྱེད་བཞིན་ཡོད།
          ༢༠༡༣།༠༤།༢༢ ཞོགས་པ་ཅིཀིནསུབཧྥོརཨིནཌྱིནསོལ་ལས་བསྒྱུར།

Comments

ཁྱེད་ཀྱི་སྒྱུར་རྩོམ་དེར་བླང་བྱ་མང་པོ་འདུག་པས་ཐུགས་རྗེ་ཆེ་གནང་།

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།