འཇིགས་སུ་རུང་བའི་རྨི་ལམ་ཞིག


བྱ་ཞིག་བྲག་ཐོག་ཏུ་བབས་ནས་སྐད་ངན་སྒྲོག་གི་
ཁྱི་ཡན་ཞིག་ཀྱང་རྔ་མ་གཡུག་གིན་སྡུག་སྐད་རྒྱག་གི་
མི་བུ་ཐམས་ཅད་བྲེལ་འཚུབ་ཀྱིས་རྒྱུག་གི་ཟེར་
ལོ་རྒྱུས་ཀྱིས་བཏབ་པའི་རྩ་ཐང་དེ་ན་ཅི་ཞིག་བྱུང་བ་ཡིན།

སྤྲིན་ནག་དེས་ཟླ་བ་བསྒྲིབས་ནས་ཅི་ཡང་མཐོང་མི་ཐུབ་ཀྱང་
རླུང་བུ་འུར་འུར་དུ་ལྡང་ཐེངས་རེའི་མཚམས་ན་
རྒྱང་རིང་ནས་ངུ་སྒྲ་ཞིག་ལྷང་དུ་གྲག་འོང་ཚུལ་དེས་
དེ་ན་ཡང་རྗེས་པར་དཀའ་བའི་ཇུས་ཉེས་ཤིག་བྱུང་བ་འདྲ།

ས་གཞི་རྒས་མོས་ཟུངས་ཁྲག་གིས་ངོ་གདོང་བཀྲུས་ནས་
སུ་ཞིག་ལ་འཁང་ར་བྱེད་པའི་ངང་ཚུལ་སྟོན་གྱིན་
བདག་གི་ལུས་པོ་ཡོངས་རྫོགས་འཐུམ་དགོས་ཟེར་
ས་སྲོད་ཀྱི་རྨི་ལམ་དེས་ཀྱང་བདག་ལ་འཇིགས་སུ་འཇུག་གི།
༢༠༡༣།༠༤།༡༩ ཉིན།










Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།