སེམས་ནང་གི་མེ་ཏོག།
སྔོ་ལྗང་གང་གཱའི་མཐའ་ལ།།
སྣ་ཚོགས་མེ་ཏོག་བཞད་ཀྱང་།།
སྣ་ཚོགས་མེ་ཏོག་བཞད་ཀྱང་།།
བུ་ཆུང་ང་ཡི་སེམས་པ།།
གངས་རིའི་ཕྱོགས་སུ་ཤོར་སོང་།
གངས་རིའི་ཕྱོགས་སུ་ཤོར་སོང་།
མཛེས་སྡུག་ཨུཏ་པལ་སྔོན་པོ།།
ལུས་ཀྱི་སྨན་མཆོག་ཡིན་ཡང་།།
སེམས་ཀྱི་ན་ཚ་གསོ་མཁན།།
ལུས་ཀྱི་སྨན་མཆོག་ཡིན་ཡང་།།
སེམས་ཀྱི་ན་ཚ་གསོ་མཁན།།
གངས་ལྷ་མེ་ཏོག་ཁྱེད་ཡིན།།
འཛད་མེད་ཕྱི་ཡི་ལོངས་སྤྱོད།།
མི་བུའི་ལུས་ལ་མཛེས་ཀྱང་།།
སེམས་ཀྱི་སྐོམ་པ་སེལ་མཁན།།
ཆུང་འདྲིས་བྱམས་པ་ཁྱེད་ཡིན།།
གཡུ་སྦྲང་བུང་བའི་འདུག་ས།།
ཆུ་སྐྱེས་དམར་པོ་ཡིན་ཡང་།།
བུང་བའི་སེམས་པ་འཁོར་ས།།
གངས་ལྷ་མེ་ཏོག་ཁྱེད་ཡིན།།
༢༠༡༣།༠༣།༢༦ ཉིན།
Comments