ང་རང་་་་་་་་བོད་མི་ས་ཡ་དྲུག



ང་རང་་་་་་་་བོད་མི་ས་ཡ་དྲུག
ཁ་རྩང་གི་ཉི་མ་ཁྱོད་ཀྱི་ལག་ན་ཡོད་ཀྱང་
དེ་རིང་གི་ཉི་མ་ང་རང་གི་རེད།
ངའི་རྐང་ལག་གཉིས་ལྕགས་སྒྲོག་གིས་བཅིངས་ཤིང་
མགོ་བོ་ས་ཁ་རུ་གཡུགས་ཏེ་
མི་རབས་ནས་མི་རབས་བར་གདུག་རྩུབ་ཀྱིས་མནར་ཡང་
ང་རང་སྟེ་་་་་་ བོད་མི་ཚོའི་རྣམ་ཤེས་འཆི་མེད་ཁར་
བློ་སྟོབས་དང་དཔའ་ངར་ད་དུང་ཡང་འབར་གྱིན་ཡོད།

ང་རང་སྟེ་་་་་་ བོད་མི་ས་ཡ་དྲུག
ཁ་རྩང་གི་ཉི་མ་ཁྱོད་ཀྱི་ལག་ན་ཡོད་ཀྱང་
དེ་རིང་དང་་་་་་ སང་ཉིན་གྱི་ཉི་མ་ང་རང་གི་རེད།

ཁྱོད་རང་གིས་བསླུ་བྲིད་ཇི་ཙམ་བྱས་ཤིང་
ཕྱི་དངོས་ཀྱི་རྒྱུ་ནོར་ཇི་འདྲ་ཞིག་བགོས་ཀྱང་
བོད་མི་ཚོའི་རྣམ་ཤེས་ཏེ་་་  ངའི་སེམས་པ་ནམ་ཡང་བསླུ་མི་ཐུབ།
གངས་རི་དཀར་པོ་ཡི་ཁ་མདོག་འགྱུར་ཡང་
བོད་མི་ཚོའི་རྣམ་ཤེས་ཏེ་་་་ ངའི་སེམས་པ་ནམ་ཡང་འགྱུར་མི་སྲིད་ཅིང་
ངའི་ཚོར་ཤེས་དང་ཆོས་སེམས་ད་དུང་འབར་གྱིན་ཡོད།
ང་རང་སྟེ་་་་་་ བོད་མི་ས་ཡ་དྲུག།

Mandala Magazine (june/july) 2008 ཤོག་གྲངས་ 22 སྟེང་གི་ I. Six millionTibetans ཞེས་པ་ཐལ་བསྒྱུར་ལྟ་བུ་བྱས་པ་གྲོགས་པོ་ཚོས་དགྱེས་གཟིགས་ཡོད་པ་ཞུ།
17 September 2011 at 21:23

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།