ཁྱི་དང་འདྲ་བའི་མི་ཞིག་གླེང་།
ཀ་ཁའི་དབྱངས་འགུག་མ་ཤེས།།
ཁ་ཞེ་གཡུག་བཟོ་དོད་པ།།
ག་ཡིན་འདི་ཡིན་མེད་པར།།
ང་དང་ཁྱོད་ཅེས་རྩོད་ཀྱིས།།
ཅ་སིང་རྩེད་འཇོར་གཡེང་ནས།།
ཆ་ལུགས་ལས་ལ་མི་བརྩོན།།
ཇ་ཆང་ཤ་ལ་དགའ་དེས།།
ཉ་དང་རུས་སྦལ་ཟ་གིས།།
ཏ་ཐཱ་ག་ཐའི་བསླབ་ཟུང་།།
ཐ་ན་ཚིག་ཅིག་མ་ཤེས།།
ད་དུང་མཁས་མདོག་སྟོན་དེར།།
ན་ཟླ་གད་མོ་འཆོར་གྱིས།།
པ་ཕའི་བསླབ་བྱ་མ་དྲན།།
ཕ་ས་གཏིང་ནས་བརྗེད་པ།།
བ་གླང་སྤྱོད་ཚུལ་ཅན་དེར།།
མ་ཡིས་སྡང་སྨད་བྱེད་ཀྱིས།།
ཙ་ཀྲ་དང་པོའི་གནས་དེ།།
ཚ་བའི་ཡོ་ལང་ཆེ་ཁར།།
ཛ་གླང་སྨྱོ་སྤྱོད་ཅན་དེ།།
ཝ་མོའི་གཡོ་བྱུས་ཆེ་གིས།།
ཞ་སེར་བསྟན་པའི་ཞབས་རྗེས།།
ཟ་འོག་རི་མོར་བཀོད་ནས།།
འ་ཐང་ཆད་མདོག་བྱེད་པར།།
ཡ་མཚན་ཆེན་པོ་བྱེད་ཀྱིས།།
ར་དང་ལུག་ངོ་མ་ཤེས།།
ལ་ཀླུང་ཁད་ཀྱིས་འགྲིམས་ཟེར།།
ཤ་གཟན་ཁྱི་རྒན་དེ་ལ།།
ས་དང་གནམ་གྱིས་འཕྱ་གིས།།
ཧ་ཆས་ངོ་ཚར་བསྐྱལ་ཀྱང་།།
ད་དུང་སྤོབས་པ་ཆེ་བ།།
ཨ་ཕོའི་ཞབས་འདྲེན་ལྟེ་བོ།།
ད་དུང་རྫིག་མདོག་སྟོན་གྱིས།།
༢༠༡༢།༠༤།༧
Comments