འཕན་ལོའི་དོན།
གནའ་སྔ་མོ་སྔ་མོའི་དུས་ཞིག་ལ།།
བོད་ཆོལ་གསུམ་གཅིག་ཏུ་མ་བསྒྲིལ་གོང།།
རྗེ་ཟིང་པོ་རྗེ་ཡི་རྒྱལ་ཁབ་ལ།།
ཡུལ་ངས་པོ་ཞེས་ནི་འབོད་ཅེས་ཟེར།།
ཡབ་རྣམ་རི་སྲོང་བཙན་སྐུ་ངོ་མས།།
ཡུལ་ངས་པོ་དབང་དུ་བསྡུས་རྗེས་སུ།།
རྗེ་བང་སུམ་མངའ་ཁོངས་ཡོངས་ཪྫོགས་སུ།།
མིང་འཕན་པོ་ཞེས་ནི་བཏགས་སོ་ཟེར།།
དེ་ཤེས་སམ་མི་ཤེས་དགེ་རྒན་ལགས།།
དེ་ཤེས་ན་མིང་འགོ་འཕན་ཞེས་པ།།
དེ་མཚོན་པའི་དོན་དུ་བཀོད་པ་ཡིན།།
དེ་མ་ཤེས་དེབ་ཐེར་གཟིགས་རོགས་མཛོད།།
ད་ལོ་ཡི་ལོ་དོན་བཤད་པར་བྱ།།
རྣ་སྲོང་པོར་འདྲོང་ལ་གཏམ་འདི་གསོན།།
སྔོན་དགེ་བའི་བཤེས་གཉེན་སྤྱན་སྔ་པས།།
དགོན་བཞེངས་པར་འདོད་ནས་གནས་བརྟག་རྗེས།།
ཡུལ་འཕན་པོ་ཞེས་པའི་ཡ་གྱལ་དུ།།
ས་ཆེ་ཞིང་སྙོམས་པའི་གནས་ཡོད་པར།།
ས་ལོ་བོ་གསུངས་ནས་དགོན་བཞེངས་པས།།
མིང་ལོ་ཞེས་ཡོངས་སུ་གྲགས་སོ་ཟེར།།
བོད་སྤྲུལ་སྐུ་རྣམ་གསུམ་ཐོས་ཨེ་ཡོད།།
ཐོས་ཡོད་ན་ལོ་ཞེས་གྲགས་པ་དེ།།
ཁོང་སེམས་དཔའ་སྤྲུལ་སྐུ་བཞུགས་གནས་རེད།།
དེ་མཚོན་ཕྱིར་ལོ་ཞེས་བཀོད་པ་ཡིན།།
བོད་ཡུལ་ལ་མཆོད་པ་ལྔར་གྲགས་པ།།
ཁྱེད་རྣམས་ཀྱིས་གསན་མྱོང་ཡོད་ངེས་ལ།།
ལྷ་ས་ཡི་བཅོ་ལྔ་མཆོད་པ་གཅིག།
གུང་ཐང་གི་མེ་ཏོག་མཆོད་པ་གཉིས།།
རྭ་སྒྲེང་གི་གི་ཁུ་བྱུག་མཆོད་པ་གསུམ།།
བསམ་ཡས་ཀྱི་འདུས་སྡེ་མཆོད་པ་བཞི།།
ལོ་དགོན་གྱི་གནམ་གང་མཆོད་པ་ལྔ།།
དེ་ལྔ་ལས་མཐའ་མ་ལོ་ཡི་དོན།།
༢༠༡༢།༠༤།༡༠
ཉིན་དྲིས་ལན་གྱི་ཚུལ་དུ།
Comments