དམ་དྲག་དང་མདེའུར་ཁ་གཏད་་པའི་བོད་མིའི་བློ་སྟོབས།





B RAMAN


བྷི་རཱ་མན།

ཟི་ཁྲོན་ནུབ་ཁུལ་ནི་རྒྱ་གཞུང་གི་དྲག་གནོན་ཆེ་བའི་གདུག་རྩུབ་ལ་ཞི་རྒོལ་བྱེད་པའི་ལྟེ་གནས་ཤིག་ཆགས་ཡོད།

བོད་ནང་ལང་བཞིན་པའི་ཞི་རྒོལ་གྱི་རླབས་མོ་དེ་བཞིན་ཟི་ཁྲོན་གྱི་ནུབ་ཁུལ་དུ་ཁྱབ་ནས། དེའི་འབྲས་བུར་ས་གནས་
ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ཡང་སྐྱར་བོད་མི་ཞིག་འདས་གྲོངས་སུ་བཏང་ཡོད། ང་རང་གི་གནས་ཚུལ་འབྱུང་ཁུངས་ལ་གཞིག་ན། ༼འདི་ལོའི་༽ཕྱི་ཟླ་ ༡ ནས་༼ རྒྱ་གཞུང་ ༽ཉེན་རྟོག་པས་༼ བོད་མིའི་ཐོག་ ༽ མེ་མདའ་བརྒྱབ་པའི་གནས་ཚུལ་ཐེངས་གསུམ་བྱུང་ཡོད་ཅིང་། སྐབས་དེ་དག་ལ་བོད་མི་ ༡༢ ཙམ་འདས་གྲོངས་སུ་ཕྱིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་༼དྲག་གནོན་༽ ཐེངས་གསུམ་གྱི་སྐབས་བོད་མི་ ༣ འདས་གྲོངས་སུ་ཕྱིན་པ་ཁས་ལེན་བྱས་པ་ལས། འཆི་གྲངས་མང་བར་ངོས་ལེན་མ་བྱས་པར་དགག་པ་བརྒྱབ་འདུག།
རྒྱ་ནག་ཉེན་རྟོག་པས་ ༼ བོད་མིའི་ཐོག་ ༽མེ་མདའ་བརྒྱབ་པའི་གནས་ཚུལ་གསར་ཤོས་དེ་ རྔ་པ་ཁུལ་གྱི་འཛམ་ཐང་ (In chinese,Rangtang)   ཞེས་ས་གནས་བར་མ་ཞང་དུ་བྱུང་ཡོད་ཅིང་། ས་གནས་དེར་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་གཞོན་སྐྱེས་གཅིག་བསད་པ་ལས། དེ་ཁུལ་གྱི་བོད་མི་ཚོས་འཛིན་བཟུང་བྱས་པའི་ཐར་པ་དང་། རྒྱ་ནག་ཉེན་རྟོག་པས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་དེ་མ་ཐག་ཏུ་དམར་གསོད་བཏང་པའི་གཞོན་སྐྱེས་དེའི་ཆེད། རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིས་བྱུས་ལ་ཞི་རྒོལ་བྱས་པ་དང་། འཛམ་ཐང་ཉེ་འཁོར་གྱི་ས་གནས་ཟི་སྟོད་དང་ཟི་སྨད་ནས་བོད་མི་ ༡༠,༠༠༠ ཙམ་བསླེབས་ནས་ཞི་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།

            ཕྱི་ ༡ ཚེས་ ༢༦ ཉིན་ཚོ་སྔོན་མགོ་ལོག་ (In chinese,Guoluo) རྫོང་ཁུལ་དུ་ཡང་བོད་མི་ཚོས་ཞི་རྒོལ་དང་སྒེར་ལངས་བྱས་པའི་གནས་ཚུལ་བྱུང་ཞིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན།
རྒྱའི་སྐོར་སྲུང་དམག་གིས་བོད་མི་ཞི་རྒོལ་བ་བཀག་སྐྱིལ་དང་དྲག་ཤུལ་ཇེ་ཆེར་ཕྱིན་ཡོད་ཅིང་། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ནས་ཁག་ཏུ་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བ་དང་། མིག་མར་ཉིན་དཀར་མཛེས་(In chinese,Ganzi)བོད་རིགས་རང་སྐྱོང་ཁུལ་དུ་ཞི་རྒོལ་ཁྲོད་བོད་མི་གཉིས་དམར་གསོད་བཏང་བའི་གནས་ཚུལ་ཐོན་ཡོད་འདུག
            དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱལ་ས་ལྷ་ས་ཁུལ་དུ་ཡང་ ཇོ་ཁང་མདུན་དུ་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིས་བྱུས་ལ་ཞི་རྒོལ་བྱས་པའི་གནས་ཚུལ་ཐེངས་གཅིག་བྱུང་རྗེས་ཉེན་རྟོག་པས་དམ་དྲག་ཇེ་ཆེར་བཏང་བ་དང་།
            རྒྱ་རིགས་གྲ་ལམ་རྒྱུད་གནས་ཚུལ་མཁོ་གཏོང་བ་དག་ལྟར་ན། གནོད་སྐྱོན་ཕོགས་པའི་ས་གནས་ཟི་ཁྲོན་ནུབ་ཁུལ་དུ་དྲག་གནོན་ཆེད་ཐད་གཏོང་བྱས་པའི་དམག་མི་འགུལ་སྐྱོད་བྱེད་བཞིན་པ་དང་། ཁོང་ཚོར་རྒྱ་མིའི་ལོ་གསར་གྱི་གུང་སེང་ཡང་ཕྱིར་ཐེན་བྱས་ཚུལ་འདུག།
            སྔོན་ལོར་རྔ་པ་ཀིརྟི་དགོན་གྱི་གྲྭ་པ་མང་དག་ཞིག་ཉེན་རྟོག་པས་ཉེས་མེད་འཛིན་བཟུང་གིས་ས་གནས་དམག་སྒར་དུ་བཙན་ཁྲིད་དང་།  བཀག་སྐྱིལ་བྱས་རྐྱེན། ཕྱི་ཟླ་ ༣ ནས་ཟི་ཁྲོན་ནུབ་ཁུལ་ནས་བོད་མི་ ༡༤ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱས་པ་དང་། ས་གནས་མི་མང་གིས་ཉིན་གཉིས་རིང་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པས་མེ་མདའ་བརྒྱབ་པ་དེ་ཡང་རྒྱ་ནག་གཞུང་གིས་དྲག་གནོན་བྱ་རྒྱུའི་བཀའ་ཁྱབ་བཏང་བ་ཞིག་རེད།
            རྔ་པ་ཀིརྟི་དགོན་གྱི་གྲྭ་པ་ཚོས་ཐོག་མར་ཏཱ་ལའི་བླ་མར་རྒྱབ་སྐོར་དང་། བོད་ནང་བོད་མི་ཚོར་རྒྱ་ནག་གཞུང་གི་
བཙན་གནོན་བར་མེད་བཏང་བ་མ་བཟོད་ནས་ཞི་རྒོལ་བྱས་པ་དང་། དེ་རྗེས་རང་ལུས་མེར་སྲེག་ལས་འགུལ་སྐབས་གཡས་གཡོན་དུ་ཡོད་པའི་མི་མང་ལ་རང་སྲོག་གཅོད་མཁན་གྱི་རྒྱུད་སྐུལ་བའི་ཉེས་མིང་འོག་བཙོན་འཇུག་དང་ཁྲིམས་གཤེར་བྱས་པ།
བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་སྐུ་ཕུང་བོད་ཀྱི་ལུགས་སྲོལ་བཞིན་འདས་མཆོད་བྱ་ཆེད་འདས་པོའི་ནང་མིར་རྩིས་སྤྲོད་གནང་རྒྱུར་རྒྱ་ནག་དབང་འཛིན་པར་འབོད་སྐུལ་ཞུས་ཀྱང་ངོས་ལེན་མ་བྱས་པ་དང་། འདས་པོའི་ནང་མི་སྐུ་ཕུང་གི་འགྲམ་དུ་ཡོང་དབང་མ་སྤྲད་པར་སྐུ་ཕུང་ཉེན་རྟོག་པས་བཙན་འཁྱེར་བྱས་པ་ལས་ཞེ་འཁོན་ཇེ་ཆེར་ཕྱིན ཅིང་།
            སྔོན་ལོའི་ཕྱི་ཟླ་ ༡༢ བར་ཞི་བ་ཁོ་ནས་ངོ་རྒོལ་བྱས་ཡོད་ཀྱང་། ཕྱིས་ངོ་རྒོལ་གྱི་རྣམ་པ་དྲག་ཏུ་ཕྱིན་ཏེ་ཤི་བོའི་ཕུང་པོ་ཡོད་པའི་དོགས་གནས་ཅན་གྱི་རྒྱ་མིའི་དམག་སྒར་ལ་ཕར་རྒོལ་ཐེངས་གཉིས་ཙམ་བྱས་འདུག།
ཁུངས་ལྡན་གྱི་གནས་ཚུལ་སྦྱོར་གསལ་ལྟར་ན་དྲག་གནོན་དེ་བཞིན་ཁྱབ་བརྡལ་ཕྱིན་ནས། ཕྱི་ཚེས་ ༢༣ཉིན་ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་དྲག་མགོ་ས་གནས་སུ་བོད་མི་ ༦༠༠༠ གྱིས་ངོ་རྒོལ་བྱེད་སྐབས། རྒྱ་ནག་ཉེན་རྟོག་པས་མེ་མདའ་
བརྒྱབ་ཏེ་བོད་མི་ ༥ ཙམ་དམར་གསོད་དང་། ༤༠ ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རེད།
དེ་ལྟར་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་དམར་གསོད་བཏང་བའི་གནས་ཚུལ་ཁྱབ་རྗེས་རྫོང་དེ་གའི་སེར་རྟ་(In chinese,Seda) ས་ཁུལ་ནས་ཀྱང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་སྐབས་ཀྱང་། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཡང་སྐྱར་བོད་མི་ ༦ དམར་གསོད་བཏང་ཡོད་པ་རེད། ལས་འགུལ་དེ་བཞིན་རྔ་པ་(In chinese, Aba precture)ཁུལ་དུ་བྱུང་ནས། བོད་མི་སྟོང་ལྷག་གིས་ས་གནས་ལམ་ཆེན་བཀག་པའི་གནས་ཚུལ་དང་། བོད་མི་མང་པོ་ཞིག་གིས་རྐྱེན་འདས་སུ་ཕྱིན་པའི་སྤུན་ཟླ་ཚོར་བསྔོ་སྨོན་དང་།ཚོགས་མཆོད་ཆེད་ཀིརྟི་དགོན་དུ་འདུ་འཛོམས་བྱས་པར་ཉེན་རྟོག་པས་ཤེས་ཕྲལ་བཙན་ཤུགས་ཀྱིས་ཁ་ཐོར་བཏང་འདུག།
            ཤེས་གསལ་ལ་དྲག་གནོན་མཐའ་མ་དེ་གནས་ཚུལ་བྱུང་ཡུལ་གྱི་མི་མང་ཚོས་རྒྱ་ནག་གི་ལོ་གསར་སྲུང་རྩི་བྱ་རྒྱུར་
དགག་པ་དང་། རྒྱ་ནག་གིས་བོད་ནང་མནར་གཅོད་བཏང་བར་ངོ་རྒོལ་བྱས་པར་ཉེན་རྟོག་པས་བཙོན་འཇུག་དང་། རྡུང་རྡེག་བཏང་བ་ལས་བྱུང་ཡོད་ཅིང་། རྒྱ་ནག་གི་ལོ་གསར་ཉིན་དེ་བོད་མི་ཚོས་རང་ལུས་མེར་བསྲེགས་ནས་འདས་གྲོངས་སུ་ཕྱིན་པ་ཚོར་མྱ་ངན་རྗེས་དྲན་གྱི་ཉིན་མོ་ཞིག་ཏུ་སྲུང་རྩི་ཞུས་ཡོད་འདུག
                        ཟླ་རྗེས་མར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིང་ཕིང་ (xi Jinping) ཨ་རིའི་ཕོ་བྲང་དཀར་པོར་ཕེབས་འཆར་ཡོད་པ་བཞིན། ཨ་རིས་བོད་ནང་གི་དྲག་གནོན་ཐོག་སེམས་འཁུར་བྱེད་ཀྱི་ཡོད་ཅིང་། པེ་ཅིང་གཞུང་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ཆོས་དང་། རིགས་གཞུང་། སྐད་ཡིག་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་
(counterproductive policies) དེར་བསྐྱར་ཞིབ་དགོས་པའི་ནན་སྐུལ་ཡང་བྱས་ཡོད་འདུག
            ཨ་རིའི་བོད་དོན་འབྲེལ་མཐུད་པ་མ་རི་ཡ་ཨོ་ཊེ་རོ་(MariaOtero)ཡིས་བོད་དོན་ཐོག་བཏོན་པའི་བསྒྲགས་གཏམ་ནང་། ང་ཚོས་རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་མཆོག་དང་། ཁོང་གི་སྐུ་ཚབ་ཚོའི་ལྷན་གྲོས་མོལ་མུ་མཐུད་རྒྱུ་དང་། རྒྱ་མིའི་ཉེན་རྟོག་པས་བོད་ནང་དྲག་གཅོད་བྱེད་བཞིན་པར་དམ་འཛིན་དགོས་པའི་ནན་སྐུལ་དང་། དེབཞིན་ང་ཚོས་སླར་ཡང་བོད་ནང་གནས་ཚུལ་དངོས་ཇི་ཡིན་ཤེས་རྟོགས་ཆེད་འཛམ་གླིང་ཡུལ་གྲུ་ཁག་གི་གསར་འགོད་པ་དང་། ཞིབ་འཇུག་པ་གཏོང་རྒྱུར་འབོད་སྐུལ་བྱེད་ཀྱི་ཡོད།) ཅེས་གསལ་ཡོད་པ་རེད།

༢༠༡༢།༠༡།༣༡་ཉིན་གྱི་པོན་ནིཡར་དྲ་རྒྱ་ལས་ཕབ་སྒྱུར་བྱས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།