སེམས་ཀྱི་གླུ།

སེམས་ཀྱི་གླུ།

ནམ་ཟླ་དབྱར་ཁ་ཤར་ནས།།

མེ་ཏོག་བཞད་ཁ་ཕྱེ་ཡང་།།

ང་རང་དུངས་སའི་རྒྱ་སེ།།

ཐན་པ་སྐམ་པོས་བཅོམ་འདུག།


སྤྲིན་པ་ལང་ལོང་གཡོ་བ།།

མིག་གི་ལོངས་སྤྱོད་ཙམ་རེད།།

རེ་བའི་སྦྲང་ཆར་བསིལ་མའི།།

ཐིགས་པ་བརྒྱག་རྒྱུ་མི་འདུག།


འབྲུག་སྒྲ་ངར་ངར་དེ་ཡིས།།

མཚན་མོའི་རྨི་ལམ་དཀྲོགས་ཀྱང་།།

ས་གཞིར་རླན་གཤེར་སྦྱིན་རྒྱུ།།

ཉིན་མོའི་རྨི་ལམ་འདྲ་བྱུང་།།


དབང་ཆེན་ཉི་མའི་རྒྱལ་པོ།།

ཐུགས་རྗེ་ཆེན་པོས་གཟིགས་ནས།།

ཉམ་ཆུང་ང་ཚོའི་མགོ་ལ།།

རྡོག་ཐོས་སྐྱོན་པ་མ་གནང་།།


མ་གཞི་ཚ་དད་ཆེ་བ།།

རོང་པའི་ལུག་གི་གཤིས་ཀྱང་།།

སྙན་དབྱངས་འབའ་སྒྲའི་རི་མོ།།

མེ་ལ་སྲེག་འདི་སྐྱོ་བ།།

                     
            2018/06/26 ནུབ་མོ།
                             རིགས་གྲོལ།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།