ལུང་འདྲེན་འགའ་བོད་སྒྱུར་དང་བཅས།



Some quotes with Tibetan translation

Do the difficult things while they are easy and do the great things while they are small. A journey of a thousand miles must begin with a single step.
                                  Lao Tzu

དཀའ་བའི་ལས་དག་སླ་དུས་དང་།།

རླབས་ཆེན་བྱ་བ་ཆུང་ནས་བྱོས།།

ལེ་བར་སྟོང་ཕྲག་འགྲུལ་བཞུད་ཀྱང་།།

གོམ་པ་རེ་ནས་འགོ་འཛུགས་དགོས།།
                                      ལའོ་ཙུ།


After climbing a great hill, one only finds that there are many more hills to climb.
                   Nelson Mandela

གང་གིས་རི་བོ་མཐོ་པོ་ཞིག་འཛེགས་རྗེས། ད་གཟོད་རི་བོ་ཧ་ཅང་མང་པོ་འཛེག་རྒྱུ་ཡོད་པ་ར་འཕྲོད་ཐུབ།
                        ནེལ་སོན་མན་དྲ་ལ།

Darkness cannot drive out darkness; only light can do that. Hate cannot drive out hate; only love can do that.
                    Martin Luther King

མུན་པ་མུན་པས་མི་ཐུབ་སྟེ།།

འོད་ཟེར་ཉིད་ཀྱིས་གཞོམ་པར་འགྱུར།།

སྡང་བ་སྡང་བས་མི་ནུས་ཏེ།།

བྱམས་པ་ཉིད་ཀྱིས་གཞོམ་པ་འོ།།
                      མར་ཏྲིན་ལུ་ཐར་ཀིང་།

Non-violence is not a garment to be put on and off at will. Its seat is in the heart, and it must be an inseparable part of our being.
                   Mahatma Gandhi

འཚེ་བ་མེད་པ་ནི་འདུན་པ་ལ་གྱོན་ཕུད་བྱ་རྒྱུའི་གྱོན་གོས་ཞིག་མིན་པར། དེའི་འདུག་ས་སེམས་ནང་ལ་ཡིན་དགོས། དེ་ངེས་པར་ང་ཚོའི་འཚོ་བ་དང་བྲལ་ཐབས་མེད་པའི་ཡན་ལག་ཞིག་ཡིན་དགོས།
                         མ་ཧ་ད་མ་གན་དི།

There are two great days in a person's life - the day we are born and the day we discover why.
                      William Barclay

སྐྱེས་བུ་ཞིག་གི་མི་ཚེའི་ནང་ཉིན་མོ་གལ་ཆེན་གཉིས་ཡོད་པ་ནི། ང་ཚོ་སྐྱེས་པའི་ཉིན་དང་། ཅིའི་ཕྱིར་སྐྱེས་པ་རྟོགས་པའི་ཉིན་དེ་རེད།
                        ཝི་ལི་ཡམ་བ་ཁེ་ལེ།

If you cannot do great things, do small things in a great way.
                          Napoleon Hill

གལ་ཏེ་ཁྱེད་ཀྱིས་རླབས་ཆེན་གྱི་བྱ་གཞག་མ་ཐུབ་ན།
བྱ་བ་ཆུང་ཆུང་དག་ཐབས་ལམ་ཁྱད་པར་བ་ཞིག་གི་ཐོག་ནས་བྱོས།
                              ནེ་པོ་ལིའུན་ཧིལ།

The world is the great gymnasium where we come to make ourselves strong.
                         Swami Vivekananda

འཛམ་གླིང་ནི་ང་ཚོས་རང་ཉིད་ནུས་པ་ཆེ་རུ་གཏོང་དུ་བསླེབ་སའི་རྩལ་སྦྱོང་ཁང་ཆེན་པོ་ཞིག་རེད།
                           སོ་ནི་ཝི་ཝེགཱ་ནན་དཱ།

                     2018/06/24 ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།