སེམས་ཀྱི་སྒྲོན་མེ།
སེམས་ཀྱི་སྒྲོན་མེ།
རིགས་གྲོལ།
གངས་རིའི་འདབ་མ་ཕྱང་བའི་ཉེ་འདབས་ཀྱི་གྲོང་ན།།
གསེར་གྱི་རྒྱ་ཕིབས་བཞེངས་པའི་ཁང་བཟང་གི་ནང་ན།།
མཛེས་སྡུག་འདབ་རྒྱ་རྫོགས་པའི་སྒྲོན་མེ་ཞིག་བཞད་ཡོད།།
དེ་ལ་བདག་གི་རེ་བའི་ཡིད་སེམས་དེ་ཐོགས་ཡོད།།
དེ་ཡི་འོད་ཀྱི་མེ་ཏོག་མཁའ་དབྱིངས་སུ་འཕྱོ་ཞིང་།།
ཞིམ་མངར་ཟིའུ་འབྲུའི་ཟེར་མདངས་ཕྱོགས་བཅུ་རུ་འཐོར་གྱིན།།
འདབས་ཁའི་ཟིལ་པ་འཐིག་པའི་བདུད་རྩི་ཡི་དྲི་ངད།།
བདག་སེམས་མུན་པ་སེལ་བའི་མགྲོན་པོ་དེ་ཡིན་ནོ།།
སྡོང་པོའི་ཚིགས་རྩ་བརྟན་པ་སྲ་མོ་དེའི་ཐོག་ན།།
མར་མེའི་ལྕུག་ཕྲན་དག་གིས་མཉེན་འཇམ་གྱིས་ལྡེམ་ཞིང་།།
ཟེར་འོད་བཀྲག་མདངས་རྒྱས་པའི་ངོ་མཚར་དེ་མཐོང་ཚེ།།
བདག་སེམས་བདེ་བའི་དབྱིངས་ནས་ངལ་གསོ་ཞིག་ཐོབ་བྱུང་།།
འཛུམ་པའི་ཞལ་ཁྱིམ་གོར་མོས་མུན་ནག་ཀྱང་སྐྱོམ་ཞིང་།།
བྱམས་པའི་ལྕགས་ཀྱུ་རིང་མོས་ཉེ་འཁྲིས་སུ་འདྲེན་པ།།
ཉེ་རིང་གཡོ་བ་མེད་པའི་མཆོད་སྡོང་དེའི་དྲུང་ན།།
བདག་ཡིད་དད་པའི་ཨ་ལོང་ཅི་སླད་དུ་མི་གུག།
སྣང་བ་སྒྱུ་མ་ལྟ་བུའི་ཟློས་གར་ལ་ཆགས་པས།།
རེ་དོགས་གཉིས་ཀྱིས་བཙིར་བའི་ཟོར་བ་ཡི་བར་ན།།
སེམས་ཀྱི་འགྱུ་བ་ཆག་ཁའི་སོག་མ་ལ་ཐུག་དུས།།
ཁྱེད་ཐུགས་རླབས་ཀྱི་ཟེགས་མས་དབུག་དབུང་ཞིག་མཛད་བྱུང་།།
ཁྱེད་ནི་འོད་ཟེར་འཕྲོ་བའི་དཔའ་བོ་ཞིག་ཡིན་པས།།
མུན་པའི་གྲོག་རོང་འཇོམས་པའི་འཇིག་རྟེན་གྱི་སྒྲོན་མེ།།
སྡང་བའི་རླུང་འཚུབ་ངར་མ་ཇི་ཙམ་ལ་བཙན་ཡང་།།
སྙིང་རྗེའི་གོ་ཆ་བཞེས་པའི་སྟོན་པ་དེ་ཡིན་ནོོ།།
ཁྱེད་ནི་མུ་མཐའ་མེད་པའི་ཐུགས་རྗེ་དེ་ཡིན་པས།།
སྡུག་གི་གདུང་བ་སེལ་བའི་སྨན་མཆོག་གི་རྒྱལ་པོ།།
མུན་པས་ཡིད་སེམས་མནར་བ་བདག་འདྲ་ཡིས་ཅིས་ཀྱང་།།།
ཁྱེད་ལ་དད་པ་མི་སྐྱེ་རང་དབང་ནི་ཅི་ཞིག།
ཕྱི་ཚུལ་འགྱུར་བའི་བསླས་མ་བཙན་པོ་དེའི་བར་ནས།།
ནང་གི་རྒྱུ་བ་བསྡམས་པ་འཆི་ཁ་ལ་ཐུག་དུས།།
ཁྱེད་ཀྱི་ཟེར་འོད་འཕྲོ་བའི་རླབས་རྒྱུན་དེའི་དྲིན་གྱིས།།
དབུགས་ཀྱི་རྒྱུ་བ་ཕྲ་མོ་མ་འགག་ཙམ་གནས་ཡོད།།
གངས་རིའི་ཕར་ངོགས་ཆགས་པའི་འདུ་ཤེས་ཀྱི་སྲོག་རྔ།།
ཁྱེད་ཀྱི་འཛུམ་ཞལ་མཇལ་རྒྱུ་གཏིང་རུམ་ལ་བཅངས་ཡོད།།
ངལ་དུབ་སྡུག་གི་འཁོར་ལོའི་སོ་ཁ་ནས་འགྲེང་བཞིན།།
རེ་བའི་གསོལ་བ་འདེབས་ས་ཁྱེད་ཉིད་ཙམ་རེད་དོ།།
ཁྱེད་ནི་ལྷ་ཡི་བསྐོས་པའི་ཕོ་ཉ་དེ་ཡིན་ལ།།
ཁྱེད་ནི་ལྷ་ཡིས་བྱས་པའི་མི་མཆོག་དེ་ཡིན་པས།།
ཐོག་མའི་མྱུ་གུ་འབུད་པའི་དུས་བཟང་གི་ཉིན་འདིར།།
བདག་གི་དང་བའི་དབྱངས་ཀྱི་མཆོད་པ་འདི་འབུལ་ལོ།།
ཁྱེད་ནི་བདེན་པ་གསུང་པའི་དྲང་སྲོང་ཞིག་ཡིན་ལ།།
མཆོག་གི་དངོས་གྲུབ་སྦྱིན་པའི་དབང་པོ་དེ་ཡིན་པས།།
མི་དགེའི་ནད་ཀྱིས་བཟུང་པའི་འཇིག་རྟེན་འདི་གཅུན་སླད།།
མི་འགྱུར་རི་རབ་ཟེར་བའི་ཀ་བ་ལྟར་བཞུགས་རོགས།།
༢༠༡༨།༠༧།༠༥ ཉིན་༸གོང་ས་མཆོག་དགུང་གྲངས་གྱ་གསུམ་བཞེས་པའི་འཁྲུངས་སྐར་ལ་ཕུལ།

Comments