གངས་རིའི་ཉེ་སར་བཅར་བ།
ཉིན་ཐོ།
གངས་རིའི་ཉེ་སར་བཅར་བ།
ང་རང་རྒྱུན་པར་གངས་རིར་བལྟ་རྒྱུར་དགའ། དྲི་མེད་དྭངས་གཙང་གི་གངས་རིའི་ཁ་དོག་མཐོང་ན་ངའི་སེམས་ལ་དགའ་ཚོར་ཞིག་རང་བཞིན་གྱིས་ཡོང་གི་ཡོད། འོན་ཀྱང་ལོ་མང་རིང་གངས་རི་དང་ཁ་ཐག་རིང་ས་ན་བསྡད་པས་ཚོར་བ་སྐྱིད་པོ་དེ་མྱོང་སྐལ་མ་བྱུང་།
དེ་རིང་ལས་དོན་ཞིག་གི་ཆེད་རྡ་རམ་ཀ་ཌ་ལ་ཕྱིན། ལས་ཀ་ཚར་རྗེས་དམིགས་ཡུལ་མེད་ཀྱང་འདུན་པ་ཞིག་གིས་མ་བཞག་པས་རི་འཛེགས་ལ་བསྐྱོད། སྤྱིར་ན་ཆུང་དུས་ཕ་ཡུལ་ནས་རྫི་བོ་བྱས་ཤིང་། ལ་དགུ་ལུང་དགུ་འགྲིམས་མྱོང་བ་ང་ལྟ་བུར་མཚོན་ན་རི་བོ་ཆུང་ངུ་ཞིག་བརྒལ་བར་ཧང་སང་དགོས་དོན་ཅང་མེད་མོད། དེ་རིང་ཏྲུའུན་ཌ་བར་བསླེབ་པར་ཆུ་ཚོད་ཁ་ཤས་འགོར་ཞིང་། རྐང་འགོ་ཡང་ན་ལྷང་ལྷང་བྱུང་བས་རང་ཉིད་ལ་ཡིད་མི་ཆེས་པ་ལྟ་བུ་བྱུང་།
འོན་ཀྱང་རྒྱ་གར་བས་དཀའ་སྡུག་གི་འབྲས་བུ་མངར་ཟེར་སྲོལ་ལྟར་ཕྱིན་ཕྱིན་མཐར་ལ་ཁ་རུ་ཐོན།
ལ་ཁ་དེར་ཉི་ཟེར་རབ་ཏུ་ཚ་ཡང་མཁའ་རླུང་བསིལ་བུ་ལྡང་བས་ལུས་ཀྱི་ངལ་དུབ་དེ་མར་བསལ། དེ་ནས་བྱང་ཕྱོགས་ལ་བལྟས་ན་གངས་རི་ཉེ་ས་ནས་མཐོང་ཐུབ། ལ་ཁ་དེར་ཡུལ་ལུང་སྣ་ཚོགས་ཀྱི་མི་སླེབ་མཁན་ཆད་མེད་ཡོད་འདུག་པ་ལས་ལ་ལ་ཉིན་སྐོར་བྱེད་མཁན་དང་། འགའ་ཞིག་ཞག་སྡོད་བྱེད་མཁན་ཡིག་འདུག་ཅིང་། ཚོང་ཁང་ཆུང་རིགས་ཁ་ཤས་ཡོད་པའི་གཡས་གཡོན་ལ་གུར་ཆུང་སྣ་མང་ཕུབ་འདུག
ང་རང་གངས་རིའི་ཉེ་ས་ཞིག་ལ་བསླེབས་པས་སེམས་པ་དགའ་བས་མྱོས། དབྱར་གཞུང་གི་ནམ་དུས་ཚ་བ་ཆེ་བའི་སྐབས་འདི་འདྲ་ལ་ཁ་བ་མ་ཞུ་བར་སྐྱ་ཤར་ཤར་མཐོང་རྒྱུ་ཡོད་པ་ནི་བོད་གངས་ཅན་གྱི་ལྗོངས་དང་། ཧི་མ་ལ་ཡའི་རི་རྒྱུད་འདི་དག་ལ་མ་གཏོགས་མཐོང་རྒྱུ་ཡོད་ཚོད་མི་འདུག །
རྒྱུན་ལྡན་བོད་མི་ཚོས་རང་ཉིད་གངས་ཕྲུག་ཡིན་ཟེར་བར་ཡང་རྒྱུ་མཚན་ཞིག་ཡོད་པ་འདྲ། གངས་རི་ལ་བལྟས་བལྟས་ནས་ཆུ་ཚོད་ཁ་ཤས་བསྡད་མཐར་བྲལ་མི་ཐུབ་པ་ལྟ་བུའི་ཚོར་བ་བྱུང་།
ཕྱི་ལོ་ 2018 ཟླ་ 05 ཚེས་ 27 ཉིན། ཏྲུའུན་ཌུ་ནས། རིགས་གྲོལ།

Comments