སྒྲོན་མེ།


སྒྲོན་མེ་ཆུང་ཆུང་ཞིག
སྐབས་རེ་འབར་ཞིང་
སྐབས་རེ་ཞི་
ཡང་འབར་
ཡང་ཞི་
ཡང་འབར་
ཡང་ཞི་
དེ་ལྟར་ཡུན་རིང་རྗེས་
ཡང་འོད་མདངས་གང་ཆེ་དང་
འོད་རླབས་གང་རྒྱས་ཀྱིས།
གཅིག་འབར་
གཉིས་འབར་
གསུམ་འབར་
འབར་གྱིན་དང་
འབར་གྱིན་
མཐའ་མ་འབར་ཐེངས་གཅིག་གིས་
ཐ་དག་འབར་སོང་།
 ༢༠༡༢ ༠༡ ༣༡་ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།