སྨེ་བ་ལ་ཕྲག་དོག་བྱེད་པ།
སྨེ་བ་ཅན་ཞིག་ལ་ཀུ་རེ་བྱས་པ།
རི་བོ་གཉིས་འགྲན་སྡུར་ལྟར་འགྲེང་པའི་བར་དེ་ན།།
སུ་ཞིག་གིས་མིག་ཟུང་ཅེར་ནས་བལྟ་མི་འདོད་དེ།།
འབུར་ཚུགས་ཀྱིས་ལྟ་ཐེངས་རེ་རེའི་ཚོར་སྣང་ཞིག་ཀྱང་།།
ཤ་སེང་རུས་སེང་ནས་འགུལ་མྱོང་བ་ཉུང་ཉུང་མིན།།
མིག་ཟུང་དག་དེ་གཉིས་ལ་བལྟས་ནས་རྒྱལ་མྱོང་ཞིང་།།
རེ་འགའ་སྐྱེངས་མྱོང་བའི་ལོ་རྒྱུས་ཀྱང་འདི་ན་མང་།།
འོན་ཀྱང་འདོད་པ་ཞིག་གི་སྐུལ་ལྕག་གཅིག་སྟེ།།
མངོན་སུམ་དང་སྦར་མོ་བཀབ་ནས་ལྟ་བའི་ཁྱད་དོ།།
བདག་གིས་ཀྱང་ཡིབས་ནས་ལྐོག་གིས་བལྟས་ཀྱང་མྱོང་ཞིང་།།
མངོན་སུམ་དང་རྗེན་རྗེན་མར་ཚོད་མེད་ཀྱིས་བལྟས་མཐར།།
དེ་དག་བདག་ཁོ་ནར་དབང་བ་ཞིག་ཡིན་འདོད་ཀྱང་།།
སྨེ་བ་དེས་བདག་ལ་ཕྲག་དོག་ཅིག་སྦྱིན་འོང་གི།
འཇིག་རྟེན་འདིའི་ཐོག་གི་ཡོད་ཚད་གཅིག་ཏུ་བསམས་ནས།།
སྟོང་སང་སང་གིས་ཅི་ཞིག་ལ་ཚད་འཇལ་གྱིན་ཡོད་དུས།།
དེ་གཉིས་ཀྱིས་བདག་ལ་ལམ་གཞན་ཞིག་སྟོན་གྱིན་ཡང་།།
སྨེ་བ་དེས་སླར་ཡང་བདག་ལ་ཐལ་ལྕག་གཞུ་གི།
དོན་པོར་ཁོ་ལ་ཡང་དེ་ཙམ་ཁག་མི་འདུག་སྟེ།།
བདག་གི་མིག་ཟུང་ནི་མཚམས་མཚམས་ཀྱི་མགྲོན་པོ་དང་།།
ཁོ་པ་ནི་རི་བོ་དེ་གཉིས་ཀྱི་སྲུང་མ་ཞིག་ལྟར།།
སུ་ཞིག་གིས་བསྐོས་པའི་མིག་གཅིག་པ་དེ་རེད་ཨང་།།
༢༠༡༣།༠༩།༡༡
ཉིན།
Comments