མེས་པོ་སྔ་པ།


(དེ་རིང་ངས་འདི་ལྟར་གླུ་ཞིག་ལེན་ན་འདོད།)

བོད་ཡུལ་གོང་བུའི་རྩ་བ།།
ངས་པོ་ཡུལ་ལུང་ནས་འཛུགས་མཁན།།
བློན་པོ་དབས་དང་འཛིན་ཟུང་།།
བསམ་བློ་པ་ཡི་སྔ་པ།།
                    མེས་པོ་འདི་གཉིས་བོད་ཀྱི་མཛེས་རྒྱན་ཡིན།
                   སྤུན་ཟླ་ཚོས་སེམས་ཁོང་ནས་ཉར་རོགས་ཨང་།
སྟོད་སྨད་བར་གསུམ་བསྡུས་ནས།།
བོད་ཁམས་གཅིག་ཏུ་སྒྲིལ་མཁན།།
ཆོས་རྒྱལ་སྲོང་བཙན་སྒམ་པོ།།
ཁྲི་འཛིན་པ་ཡི་སྔ་པ།།
                        མེས་པོ་འདི་ཉིད་བོད་ཀྱི་བླ་སྲོག་ཡིན།
                        ཕུ་ནུ་མིང་སྲིང་ཚོས་ནམ་ཡང་མ་རྗེད་ཨང་།
ཤེས་རིག་ནོར་བུའི་བང་མཛོད།།
འཕགས་པའི་ཡུལ་ནས་འདྲེན་མཁན།།
དྲིན་ཆེན་ཐོན་མི་ལོ་ཙཱ།།
རིག་པ་སློབ་པའི་སྔ་པ།།
                        མེས་པོ་འདི་ཉིད་རིག་པའི་རྒྱན་ཆ་ཡིན།
                        སློབ་བུ་ཚོས་རྟག་ཏུ་དྲན་འཛིན་དུ་འཇོག་རོགས།
རྒྱ་དང་བལ་པོའི་སྲས་མོ།།
བཙན་པོའི་བཙུན་མོར་བསུ་མཁན།།
བློབ་ཆེན་སྟོང་བཙན་རྒས་པོ།།
དཔའ་བོའི་ནང་གི་སྔ་པ།།
                        མེས་པོ་འདི་ཉིད་དཔའ་བའི་རྒྱན་ཆ་ཡིན།།
                        ན་ཟླ་ཚོས་ནམ་ཡང་ཁོག་ནས་མ་དོར་ཨང་།
                                                                                    ༢༠༡༣།༠༢།༢༨ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།