ཕ་སྐད་ཉིན་མོའི་བྱུང་རིམ་དང་དགོས་པ།



འཛམ་གླིང་ཕ་སྐད་ཉིན་མོ་ནི་ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་འཛམ་གླིང་རྒྱ་ཁྱབ་ཏུ་སྐད་རིགས་འདྲ་མིན་ལ་དོ་སྣང་དང་། མི་ཉམས་རྒྱུན་འཛིན་། གོང་སྤེལ་བཅས་ཡོང་ཆེད་སྲུང་རྩི་བྱེད་ཀྱི་ཡོད། དེ་ཡང་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་དང་། ཚན་རིག  ཤེས་ཡོན་ཚོགས་པ་(UNESCO) ཡིས་ཕྱི་ལོ་ ༡༩༩༩ ཟླ་ ༡༡ ཚེས་ ༡༧ ཉིན་གསལ་བསྒྲགས་བསྐྱངས་པ་དང་། དེ་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ངོས་ལེན་དང་ཕྱི་ལོ་ ༢༠༠༨ དེ་བཞིན་གོ་ལ་ཧྲིལ་པོའི་ཕ་སྐད་གཙང་མའི་ལོ་ཞིག་ལ་ངོས་འཛིན་ཞུ་རྒྱུའི་གྲོས་ཆོད་ཀྱང་བཞག་ཡོད་པ་རེད།
            ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༢ རྗེས་ནས་འཛམ་གླིང་ཕ་སྐད་ཉིན་མོ་དེ་བཞིན་ལོ་ལྟར་སྐད་རིགས་འདྲ་མིན་ལ་དོ་སྣང་དང་། མི་ཉམས་རྒྱུན་འཛིན་། གོང་སྤེལ་ཡོང་བ་བཅས་ཀྱི་ཆེད་སྲུང་རྩི་ཞུ་གི་ཡོད་ཅིང་། ཉིན་མོ་དེས་ཕྱི་ལོ་ 1952 ལོར་ པ་ཀ་སིཏན་ཤར་མའི་ནང་སློབ་ཕྲུག་ཚོས་རང་ཉིད་ཀྱི་ཕ་སྐད་བྷང་གལ་(ཟ་ཧོར་)གྱི་སྐད་དེ་བཞིན་པ་ཀི་སིཏན་གྱི་སྐད་ཡིག་གཉིས་པ་ལྟ་བུར་ངོས་འཛིན་ཡོང་ཆེད་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ད་ལྟའི་བྷང་གལ་གྱི་རྒྱལ་ས་དྷ་ཀ་ཞེས་པའི་ས་ཆ་དེར་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པ་དེར་དྲན་གསོ་བྱེད་ཀྱི་ཡོད།
           
སྐད་རིགས་ནི་ང་ཚོ་གནས་འདུག་བྱེད་སའི་གོ་ལ་འདིའི་སྟེང་གི་ཐོག་རེག་ཅན་དང་རེག་ཐོག་མི་རུང་བའི་དངོས་རྫས་མཐའ་དག་མི་ཉམས་རྒྱུད་འཛིན་དང་། གོང་འཕེལ་གཏོང་བའི་ལག་ཆ་ཕན་ནུས་ཆེ་ཤོས་དེ་ཡིན། ཕ་སྐད་ལ་གཅེས་སྲུང་བྱེད་པ་ནི་སྐད་རིགས་འདྲ་མིན་ལ་དོ་སྣང་ཡོང་བ་ཙམ་ལ་སྐུལ་མ་གཏོང་བ་ཁོ་ན་མ་ཡིན་པར། གོ་ལ་ཧྲིལ་པོའི་ཐོག་ཀྱི་རིག་པའི་གཞུང་ལུགས་དང་། ལེགས་བྱང་ཡོད་དོ་ཅོག་ལ་དོ་སྣང་དང་གཅེས་སྲུང་དགོས་པ་དང་།  གོ་ལ་ཧྲིལ་པོ་ཆིག་སྒྲིལ་དང་མཉམ་གནས་ཡོང་བར་སྐུལ་མ་བྱེད་ཀྱི་ཡོད།
Wikipedia/The free Encyclopedia ལས་དོན་བསྒྱུར་བྱས།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།