ཞི་བདེའི་མེ་ཏོག་དམར་པོ།
ཞི་བདེའི་མེ་ཏོག་དམར་པོ།
རྩ་ཐང་སྔོན་མོར་སྣུམ་ཞག་འཁོར་དུས་ཡལ་འདབ་ཞིག་གི་བར་གཏིང་ནས།།
པད་མའི་སྡོང་གི་རྒྱན་ཆ་ཞིག་ལྟར་ཁྱོད་ཉིད་ཐོག་མར་འཁྲུངས་པ་ན།
བར་སྣང་ཡོངས་སུ་འཇའ་ཚོན་བཀྲ་བོས་མཛེས་སྡུག་དན་རྟགས་ལེགས་བཀོད་ཅིང་།།
ས་གཞིར་མཚོན་སྡུག་མེ་ཏོག་མང་པོས་བྲོ་དང་གར་གྱིས་བསུས་སོ་སྐད།།
སྤང་སྐྱེས་ཀུན་གྱི་བསོད་ནམས་ཤིག་གིས་ལྷ་ལྡན་དག་པའི་ཞིང་ཁམས་སུ།།
མཆོད་པའི་སྡོང་བུའི་རྩེ་མོ་འཛིན་ཕྱིར་གང་ཉིད་ཆེད་དུ་ཕེབས་པའི་ཚེ།།
ལྷ་དང་ཀླུ་ཡི་གཞོན་ནུའི་ཚོགས་ཀྱིས་བཀྲ་ཤིས་དབྱངས་ཀྱིས་ཆར་ཕབ་ཅིང་།།
བདུད་དང་འདྲེ་ཡི་དཔུང་ཚོགས་དག་ཀྱང་ཞུམ་ནས་ཁྱོད་ལ་གུས་སོ་སྐད།།
རང་བྱུང་འཛིན་མའི་མཛེས་སྡུག་འཇོམས་མཁས་དྲག་མཚོན་ལག་ཏུ་འཆང་པ་ཡིས།།
གཞིས་ཀྱི་སྔོ་ལྗང་ལོ་ཏོག་མང་པོར་སེར་བ་བཞིན་དུ་རྡུང་པའི་ཚེ།།
མཚར་མཚར་མེ་ཏོག་དམར་པོ་ཁྱོད་ཀྱིས་ཀ་བ་ལྟ་བུའི་ཁུར་བཞེས་ནས།།
ཤན་པ་ལག་དམར་གདུག་རྩུབ་ཅན་དེར་ཞི་བའི་ཐུགས་རྗེས་མཐུན་ཐབས་མཛད།།
དེ་ནས་མཚོན་འཛིན་ཚེར་མ་ནག་པོས་རྩ་ཐང་ཡོངས་སུ་བཅོམ་པ་ན།།
ཞི་བདེའི་ཟེའུ་འབྲུ་ལྷུམས་སུ་རུམ་ནས་ཤར་ནས་ནུབ་ལ་བཞུད་ཚུལ་གྱིས།།
བརྩེ་བའི་འདབ་ཟུང་མཁའ་ལ་བརྐྱངས་ནས་འཛམ་གླིང་གཡས་དང་གཡོན་བསྐོར་ཏེ།།
གཞིས་ཁྱིམ་དྲོན་མོར་རང་དབང་སྦྱིན་ཕྱིར་ཐབས་དང་འབད་པ་བརྒྱ་ཕྲག་མཛད།།
ངེས་མེད་བུང་བ་སྟོང་ཚོ་མང་པོ་ས་མཐར་ཁྱོད་རྗེས་འབྲང་པའི་ཚེ།།
བར་མེད་གདུང་བའི་སྤྲང་པོའི་འཚོ་བར་རེ་ས་ཁྱོད་དང་བརྟེན་ས་སྟེ།།
བྱམས་པའི་ཕ་དང་མ་ཡིས་བཞིན་དུ་རེ་རེའི་བདེ་དོན་མཛད་པའི་དུས།།
དཀའ་དང་སྡུག་གི་ཁུར་པོ་ལྕི་ཡང་བྱམས་པའི་འཛུམ་ཅན་ཨེ་མ་མཚར།།
རིག་གསར་བུ་མོས་འཇོ་སྒེག་ངོམས་བཞིན་འཇིག་རྟེན་གསར་འདང་ཆེ་བའི་དུས།།
ཁྱོད་ཀྱིས་ཞི་བའི་ཐབས་མཆོག་འཛིན་ནས་གནའ་རབས་རྒས་པོའི་འབྲས་བུ་ཆེ།།
ག་ལེར་གསར་མོའི་ཁོག་ལ་བཅུག་ནས་ཁྱིམ་གཞི་གསར་པ་བསྐྲུན་པ་ན།།
ཐ་དག་ཁྱོད་ལ་དད་པ་ཤོར་ནས་དབང་མེད་ཁྱོད་ཀྱི་རྗེས་སུ་འབྲང་།།
ས་ཆེན་ཨ་མར་མེ་ལྕེ་འབར་ལྟར་ང་གསོན་ཁྱོད་ཤིས་འཐབ་པའི་ཚེ།།
བྱམས་དང་བརྩེ་བའི་རང་གཤིས་འཇམ་པོས་ཞི་བདེའི་ལམ་སྣེ་འདྲེན་མཛད་པས།།
འགྲོ་དྲུག་སེམས་ཅན་ཁྲི་ཕྲག་མང་པོ་གསོན་པོའི་དམྱལ་ལས་ཐར་བ་ན།།
ཞི་བདེའི་མེ་ཏོག་དམར་པོ་ཁྱོད་ལ་བསྟོད་པའི་མཚན་གནས་བརྒྱ་ཕྲག་ཕུལ།།
བསམ་ངན་འཐེན་འཁྱེར་ལྟ་བ་ཙམ་གྱིས་ང་མཆོག་ཁྱོད་དམན་རྩོད་ས་ནས།།
ཁྱོད་ཀྱིས་གཟུ་བོའི་ཐུགས་ཀྱིས་དཔྱད་ནས་རང་རང་ལུགས་ཀྱི་ཆོས་བསྟན་ཏེ།།
ཐུག་ས་འབབ་ས་གཅིག་ཏུ་ངེས་ཞེས་ཡང་ཡང་བཀའ་ཡིས་བཀྲལ་བ་ན།།
རང་གཞན་ཐམས་ཅད་སྡུག་ལས་ཐར་བས་ཁྱོད་ལ་དད་པའི་སྤུ་ལོང་གཡོ།།
མིག་ཞར་བ་འམ་རྨོངས་གཉིད་ཅན་འགས་ཁྱོད་ལ་ཡང་ཡང་དམའ་ཕབ་ཀྱང་།།
ཁྲོ་དང་སྡང་བའི་ཐུགས་གཤིས་མེད་པར་བྱམས་པའི་འཛུམ་གྱིས་སྐྱོང་མཁས་པ།།
མི་ཤེས་བྱིས་པའི་ལམ་སྟོན་ཆེན་པོ་ཁྱོད་འདྲ་སྲིད་ན་ཨེ་ཡོད་ཅེས།།
མཁས་དང་མཛངས་པའི་མི་བུ་ཕལ་ཆེས་མེ་ཏོག་དམར་པོ་ཁྱོད་ལ་བསྟོད།།
སྙིགས་མ་ལྔ་ཡི་རང་མདངས་ཕྱེ་བའི་འཛམ་བུ་གླིང་གི་ཡང་སྟེང་ནས།།
ཁྱོད་ཀྱི་ཞི་བདེའི་འདབ་མ་སྟོང་གིས་ཐུགས་རྗེའི་ས་བོན་ལེགས་བཏབ་པས།།
མི་མཇེད་བདག་པོའི་ཞིང་ས་ཆེས་ཆེར་གོ་ལའི་ཁྱོན་ལ་ཁྱབ་པ་ཡིས།།
བསྐལ་བ་བཟང་པོའི་དུས་ཚིག་དེ་ཡང་ད་ལྟ་ཕྱིར་ལོག་བྱུང་སྙམ་བྱས།།
བགྲང་བྱ་བརྒྱད་ཅུའི་སྐས་ལས་འགལ་ཡང་བསྟན་དང་འགྲོ་བའི་བདེ་སྡུག་ཆེད།།
ཐུགས་ཀྱི་ངལ་བ་སྤུ་ཙམ་མེད་པ་ངོ་མཚར་མཛད་འཕྲིན་ཆེར་རྒྱས་པ།།
ས་ཆེན་འདི་ཡི་ནོར་བུ་རིན་ཆེན་ཀུན་གྱི་ཡིད་ལ་བདེ་སྟེར་མཁན།།
མཛེས་མཛེས་མེ་ཏོག་དམར་པོ་ཁྱོད་རང་ད་དུང་རིང་དུ་བཞུགས་པར་སྨོན།།

Comments