གཞས་ཚིག
གཞས་ཚིག
(གསུམ་བཅུའི་དུས་དྲན།)
(གསུམ་བཅུའི་དུས་དྲན།)
གཅིག་དགུ་ང་དགུའི་ལོ་ལ།།
བོད་ཁམས་ཀུན་ནས་ལངས་སོང་།།
རང་དབང་མདའ་ཁར་ལྷུང་ཡང་།།
ཉི་མར་ཕེབས་སྐྱེལ་ཞུས་སོང་།།
གཅིག་དགུ་ང་དགུའི་ལོ་ལ།།
བོད་ཁམས་ཀུན་ནས་ལངས་སོང་།།
རྫས་ཀྱི་ལུས་པོ་བཀས་ཀྱང་།།
ཕོ་བྲང་སེམས་པས་བསྲུངས་སོང་།།
གཅིག་དགུ་ང་དགུའི་ལོ་ལ།།
བོད་ཁམས་ཀུན་ནས་ལངས་སོང་།།
མགོ་བོའི་ཐོག་ཀྱང་བཏོར་ཡང་།།
རང་ཡུལ་རྡོག་པས་བསྲུངས་སོང་།།
གཅིག་དགུ་ང་དགུའི་ལོ་ལ།།
བོད་ཁམས་ཀུན་ནས་ལངས་སོང་།།
པ་ཕ་ཕྱི་མར་བརྫངས་ཀྱང་།།
ཁྱིམ་སྒོ་བུ་ཡིས་བསྲུངས་སོང་།།
གཅིག་དགུ་ང་དགུའི་ལོ་ལ།།
བོད་ཁམས་ཀུན་ནས་ལངས་སོང་།།
ཨ་མ་བཙན་འཁྲིད་བྱས་ཀྱང་།།
བུ་མོས་ཡར་ལ་ལངས་སོང་།།
གཅིག་དགུ་ང་དགུའི་ལོ་ལ།།
བོད་ཁམས་ཀུན་ནས་ལངས་སོང་།།
ཡུལ་ལུང་ཁྲག་གིས་ཚོས་ཀྱང་།།
དཔའ་དང་ངར་གྱིས་ལངས་སོང་།
2014/03/09 ཉིན།
Comments