Posts

Showing posts from 2014

ཆར་རྗེས།

  གནམ་རྒན་ངུ་ཤོར་མ་ཡི་ལྐོག་མའི་འོག། གཡུ་ལོ་འདབ་ལྡན་ཅན་དག་ཞལ་ངོ་འཁྲུད།། རྩྭ་རྩེར་ཟེའུ་འཁུངས་པའི་འོད་རླབས་ཀྱིས།། ས་གཞི་ཆེན་པོར་མཛེས་པའི་སྒེག་ཅིག་སྦྱིན།།   ལམ་བུ་རྨ་ཁ་མང་བའི་སྒལ་གཞུང་ནས།། གཤེར་ཁུའི་བཞུར་རྒྱུན་ཐུར་དུ་ཤང་ཤང་རྒྱུ།། ཀོ་ལྷམ་རིན་གོང་ཆེན་པོའི་བདག་པོ་འགའ།། སྐྱེངས་ཡང་ལྟ་བ་མཐོ་པོས་དམོད་པ་འཆོར།།   རྐང་འགོ་ཆུ་ལ་ཐུག་རྒྱུར་མི་བཟོད་པས།། ཇ་ཁང་ཀ་མེད་དེ་ནས་ངལ་ཞིག་གསོས།། མངར་ཇ་ཕོར་པ་གང་པོ་འཇིབ་ཞོར་དུ།། སེམས་ཀྱི་འགྱུ་བ་འགོད་པའི་ངལ་བ་བསྟེན།།   སྤྲིན་ཕུང་ཁྲོས་པའི་ ཐུག་སྒྲ་དབེན་ན་ཡང་།། སྣུམ་འཁོར་སྐད་ངན་ཅན་ པོའི་འབྲུག་སྐད་ངར །། ཁྱི་གུ་བདག་མེད་འགའ་ཞིག་འཇིགས་སོང་བས།། འདུག་སའི་རྐུབ་སྟེགས ་ འོག་དེར་འཇབ་ཏུ་འོང་།།   མདུན་གྱི་མཛེས་སྡུག་ལྡན་པའི་ཁང་བཟང་དག། མཐོང་ན་མིག་ལ་བདེ་བའི་དཔལ་སྟེར་ཡང་།། སེང་སེང་གང་ནས་རུལ་དྲི་འཐུལ་ཚུལ་དེས།། སྣ་ཡི་བུ་གར་གདུག་གྱི་གནད་ཅིག་སྦྱིན།།   ཕྲག་འགོ་ཁུག་མ་ཐོགས་པའི་ཉ་མོ་གཟུགས།། ཆུ་ཡི་གཞུང་དུ་རྩལ་ལ་རོལ་བ་འདྲ།། ལག་པར་གད...

ངའི་གྲོགས་པོ།

  གྲོགས་པོ་ནི་རང་ཉིད་དང་བློ་སེམས་མཐུན་ཞིང་། རྒྱུན་དུ་འཚོ་བའི་ཁྲོད་སྐྱིད་ཀྱི་བདེ་བར་མཉམ་རོལ་དང་། སྡུག་གི་ཁུར་པོ་མཉམ་འཁུར་ཐུབ་བའི་མི་ཞིག་སྟེ། རང་ཉིད་ཀྱི་ཆེད་དུ་བློས་གཏོང་དང་བསམ་ཤེས་ཐུབ་མཁན་ཞིག་ལ་ཟེར། ང་རང་གི་གྲོགས་པོ་ཡང་དེ་ལྟར་རེད། ཁོ་པའི་མིང་ལ་ཟླ་བ་ཟེར། ང་གཉིས་སློབ་ཆུང་སྐབས་ནས་མཉམ་དུ་རྩེད་ཅིང་མཉམ་དུ་འཚར་ལོངས་བྱུང་བ་རེད།

འགྱོད་སེམས།

(ངའི་སྐྱེས་སྐར་ལ་ཕུལ།) དང་པོ་ཨ་མས་ང་ལ།། གཞན་ཡུལ་མ་འགྲོ་གསུངས་བྱུང་།། གལ་སྲིད་འགྲོ་དགོས་བྱུང་ཡང་།། རང་ཡུལ་མ་བརྗེད་གསུངས་བྱུང་།།  

གཞས་ཚིག

གཞས་ཚིག ( གསུམ་བཅུའི་དུས་དྲན། )   གཅིག་དགུ་ང་དགུའི་ལོ་ལ།། བོད་ཁམས་ཀུན་ནས་ལངས་སོང་།། རང་དབང་མདའ་ཁར་ལྷུང་ཡང་།། ཉི་མར་ཕེབས་སྐྱེལ་ཞུས་སོང་།།  

སྨོན་འདུན།

                              གནམ་ལོ་གསར་པ་བཞད་བྱུང་།། སྨོན་ལམ་གསར་པ་བཏབ་ཡོད།། རྒྱལ་ཀུན་ཐུགས་རྗེ་ཅན་པོས།། སྐྱབས་དང་མགོན་ཞིག་མཛོད་དང་།། ཚེས་གཅིག་བླ་མའི་ལོ་གསར།། བླ་མའི་ཞབས་ལ་མཆོད་ཡོད།། བླ་མ་སྐུ་ཚེ་བརྟན་ཅིང་།། མཛད་འཕྲིན་རྒྱས་པའི་སྨོན་ལམ།།