རྒྱུ་སྐར་ཞིག་གསར་བརྙེས་བྱུང་འདུག


རྒྱལ་སྤྱའི་ཚོང་ལས་དུས་བབ་ཟེར་བའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་ཡོངས་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་བར་སྣང་ཁམས་ཀྱི་འཛིན་སྐྱོང་བསྟི་གནས་ཁང་ NASA ཟེར་བའི་བར་སྣང་རྒྱང་ཤེལ་གྱིས་རྒྱུ་སྐར་ཞིག་གསར་བརྙེས་བྱུང་ཡོད་འདུག
དེ་ཡང་ NASA ཡིས་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་བའི་ནང་། རྒྱུ་སྐར་དེ་སྐར་མ་ནས་བར་ཐག་ལོ་ངོ་དུང་ཕྱུར་ ༧་༥ ས་ནས་འགྲུབ་བཞིན་ཡོད་པ་དང་། ང་ཚོའི་འཛམ་གླིང་ནས་བར་ཐག་འོད་ལོ་ light-year ༡༧༦ ས་ན་ཆགས་ཤིང་། འཛམ་གླིང་ལས་བོང་ཚོད་ལྡབ ༢༨ ཀྱིས་ཆེ་བ་ཡོད་ཚུལ་དང་། རྒྱུ་སྐར་དེའི་རྒྱ་ཁྱོན་ལ་ཕལ་ཆེར་ལེ་བར་ཁྲག་ཁྲིག་ billion ༤༨ ཡོད་པ་དང་། ཉི་མ་ནས་བར་ཐག་རིང་ཤོས་ཀྱི་རྒྱུ་སྐར་གསར་པ་ཞིག་ཆགས་ཀྱི་ཡོད་ཅེས་བཀོད་འདུག།

ཆེས་ཡ་མཚན་པ་ཞིག་ལ་རྒྱུ་སྐར་དེ་འགྲུབ་འོང་དུས་ཡུན་ཧ་ཅང་གི་ཐུང་ཐུང་ཡིན་པ་རེད། NASA གི་སྙན་ཐོའི་ནང་གསལ་བར། ཚོད་དཔག་ལྟར་ན་གཟའ་ཕུར་བུ་ Jupiter གྲུབ་པའི་ཡུན་ཚད་ལ་ལོ་ངོ་དུ་ཕྱུར་ ༡༠ ཙམ་འགོར་བ་དང་། ཉི་མ་ནས་བར་ཐག་ལེ་བར་ ༥༠༠ ན་ཡོད། རྩིས་གཞི་དེ་ལྟར་བརྩིས་ན་རྒྱུ་སྐར་གསར་པ་དེའི་འགྲུབ་ཡུན་ལ་ལོ་ངོ་ཁྲག་ཁྲིག་ ༢ སམ་གཟའ་ཕུར་བུ་གྲུབ་ཡུན་ལས་ལྡབ་ ༢༠༠ ཡིས་མང་བ་འགོར་དགོས་ཀྱི་ཡོད།
འོན་ཀྱང་རྒྱུ་སྐར་གསར་པ་དེ་གཟའ་སྐར་ཕུར་བུའི་རྗེས་སུ་འགྲུབ་འོང་བ་ཞིག་ཡིན་པ་ནི་གཟའ་སྐར་རྒྱུ་ལམ་ཐོག་དཀའ་ངལ་གསར་པ་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།  NASA གི་སྙན་ཐོ་ལྟར་ན་སྒྱུ་སྐར་གསར་པ་( ཏྲི་ཌ་པལུ་ཧའི་ཌེས་ TW Hydrae ) འགྲུབ་འགོ་ཚུགས་ནས་ཕལ་ཆེར་ལོ་ངོ་དུང་ཕྱུར་ ༨ སོང་ཞིང་། ཉི་མ་ལས་ལྡབ་ ༥༥ ཡིས་ཆུང་བ་ཡོད ། འོན་ཀྱང་ད་བར་ཉི་མའི་ཁྱིམ་རྒྱུད་ནང་ཚུད་མེད་ཟེར།
        བྷལ་ཏྲི་མོར་བར་སྣང་རྒྱང་ཤེལ་ལྟེ་གནས་ཁང་གི་ཉམས་ཞིབ་འགོ་འཛིན་ཇོན་ཌེ་བེས་ (John Debes) ཀྱིས་གལ་སྲིད་ང་ཚོས་རྒྱུ་སྐར་དེ་ཡོད་པ་ངེས་བརྟེན་ཐུབ་ན་དེའི་ཁྱད་ཆོས་རྣམས་སྟོང་ཆའི་དངོས་པོའི་ཚད་དང་འབྲེལ་ཐུབ་རྒྱུ་རེད་ཅེས་བརྗོད་འདུག
        གཅིག་བྱས་ན་རྒྱུ་སྐར་དེའི་མཐའ་ན་ཡོད་པའི་རྡུལ་གྱི་འཁོར་དབྱིབས་ཀྱི་ཆ་ཤས་ཁ་ཤས་བརྟན་ཚུགས་མེད་པ་དང་མྱུར་སྐྱོད་བྱས་པ་ལ་བརྟེན་ནས་རྒྱུ་སྐར་འགྲུབ་འོང་གི་ཡོད་སྲིད། འོན་ཀྱང་ཐེ་ཚོམ་བྱེད་དགོས་པ་གཞན་ཞིག་ནི། སྤྱིར་རྒྱུ་སྐར་ཞིག་གྲུབ་པར་རྡུལ་གྱི་གོང་བུ་ཆེན་པོ་དགོས་ཤིང་། དེས་ས་རྡོག་དང་། དེ་ལས་བོང་བ་སོགས་འགྲུབ་ཡོང་གི་ཡོད།  འོན་ཀྱང་འདིའི་TW hydrae མཐའ་ན་རྡུལ་གྱི་བྱེ་རྡོག་ཙམ་ཡང་མེད་པ་འདྲ། སྙན་ཐོ་དེར་ཌེ་བེས་ཀྱིས་བརྗོད་པར། སྤྱིར་རྒྱུ་སྐར་ཞིག་མ་གྲུབ་སྔོན་ཆུ་རྡེའུ་འམ་རྡུ་ཧྲུག་དགོས། གལ་སྲིད་རྒྱུ་སྐར་དེ་འདྲ་ཞིག་ཡོད་ཀྱང་དེར་རྡུལ་གོང་བྱེ་རྡོ་ཙམ་ཡང་མེད་ན། དེ་སྲོལ་རྒྱུན་གྱི་རྒྱུ་སྐར་འགྲུབ་སྟངས་ཀྱི་རྣམ་བཤད་དང་འགལ་བར་གྱུར་ཡོད་ཅེས་བརྗོད་འདུག
        གལ་ཏེ་རྒྱུ་སྐར་དེ་དངོས་གནས་ཡོད་ན་དེས་རྒྱུ་སྐར་འགྲུབ་སྟངས་ཀྱི་རྣམ་བཞག་གསར་པ་ཞིག་གསལ་སྟོན་ཐུབ་རྒྱུ་རེད།
༢༠༡༣།༠༦།༡༨ དགོང་དྲོ།
གནས་ཚུལ་ངོ་མ་གཤམ་གྱི་ཁ་བྱང་ཐོག་གཟིགས་རོགས།

http://socialreader.com/me/content/zFVLc?chid=33942&utm_source=editorial&utm_medium=social&utm_campaign=srfan

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།