སྙན་ངག་འབྲི་དུས།
____རང་ལ་བྲིས་པ།
སྙན་ངག་འབྲི་དུས་ལྷ་སྒྲུང་སྙན་མོ་ཅི་ཕྱིར་དྲན་གྱིན་ཡོད།།
སྙན་ངག་འབྲི་དུས་རྟོགས་བརྗོད་རིང་མོ་ཅི་ཕྱིར་སྐྱོང་གིན་ཡོད།།
སྙན་ངག་འབྲི་དུས་དད་པ་དྭངས་མོ་ཅི་ཕྱིར་གླེང་གིན་ཡོད།།
སྙན་ངག་འབྲི་དུས་གསང་བ་ཆེན་པོ་ཅི་ཕྱིར་སྦེད་ཀྱིན་ཡོད།།
སྙན་ངག་འབྲི་དུས་ཡབ་མེས་བཙན་པོ་ཅི་ཕྱིར་དྲན་གྱིན་ཡོད།།
སྙན་ངག་འབྲི་དུས་ལ་རྒྱ་ཅན་དག་ཅི་ཕྱིར་འཚོལ་གྱིན་ཡོད།།
སྙན་ངག་འབྲི་དུས་ལོ་རྒྱུས་རིང་མོ་ཅི་ཕྱིར་གླེང་གིན་ཡོད།།
སྙན་ངག་འབྲི་དུས་ཞེན་ཆགས་དྲགས་པོ་ཅི་ཕྱིར་སྐྱེ་གིན་ཡོད།།
སྙན་ངག་འབྲི་དུས་ཕ་ཡུལ་སྐྱིད་པོ་ཅི་ཕྱིར་དྲན་གྱིན་ཡོད།།
སྙན་ངག་འབྲི་དུས་གངས་རི་དཀར་པོ་ཅི་ཕྱིར་བསྟོད་ཀྱིན་ཡོད།།
སྙན་ངག་འབྲི་དུས་གངས་ཆུ་དྭངས་མོ་ཅི་ཕྱིར་གླེང་གིན་ཡོད།།
སྙན་ངག་འབྲི་དུས་གདུང་དབྱངས་དྲགས་པོ་ཅི་ཕྱིར་སྒྲོག་གིན་ཡོད།།
སྙན་ངག་འབྲི་དུས་ཡངས་བའི་རྩ་ཐང་ཅི་ཕྱིར་དྲན་གྱིན་ཡོད།།
སྙན་ངག་འབྲི་དུས་སྦྲ་ནག་གྲུ་བཞི་ཅི་ཕྱིར་འཚོལ་གྱིན་ཡོད།།
སྙན་ངག་འབྲི་དུས་གཡང་དཀར་ལུ་གུ་ཅི་ཕྱིར་གླེང་གིན་ཡོད།།
སྙག་ངག་འབྲི་དུས་མཛེས་པའི་བྱིས་དུས་ཅི་ཕྱིར་སློང་གིན་ཡོད།།
སྙག་ངག་འབྲི་དུས་མཛེས་སྡུག་ཁོ་ན་ཅི་ཕྱིར་གླེང་གིན་ཡོད།།
སྙན་ངག་འབྲི་དུས་མེ་ཏོག་ཁོ་ན་ཅི་ཕྱིར་སྐྱོང་གིན་ཡོད།།
སྙན་ངག་འབྲི་དུས་ཚོར་བ་ཁོ་ན་ཅི་ཕྱིར་གླེང་གིན་ཡོད།།
སྙན་ངག་འབྲི་དུས་སེམས་ཆུང་ཁོ་ན་ཅི་ཕྱིར་འགྱུ་གིན་ཡོད།།
སྙན་ངག་འབྲི་དུས་ཆུང་འདྲིས་བྱམས་པ་ཅི་ཕྱིར་དྲན་གྱིན་ཡོད།།
སྙན་ངག་འབྲི་དུས་བརྩེ་བ་དྲོན་མོ་ཅི་ཕྱིར་སྐྱོང་གིན་ཡོད།།།
སྙན་ངག་འབྲི་དུས་དུང་བ་ཟབ་མོ་ཅི་ཕྱིར་གླེང་གིན་ཡོད།།
སྙན་ངག་འབྲི་དུས་ཤ་ཚ་ཆེན་པོ་ཅི་ཕྱིར་སྐྱེ་གིན་ཡོད།།
མདོར་ན། སྙ་ངག་འབྲི་དུས་འདས་དོན་བཙན་པོ་ཅི་ཕྱིར་དྲན་གྱིན་ཡོད།།
སྙན་ངག་འབྲི་དུས་ད་ལྟའི་འཚོ་བ་ཅི་ཕྱིར་སྐྱོང་གིན་ཡོད།།
སྙན་ངག་འབྲི་དུས་མ་འོངས་མདུན་པ་ཅི་ཕྱིར་བསུ་གིན་ཡོན།།
སྙན་ངག་འབྲི་དུས་རེ་བའི་མིག་ཞགས་ཅི་ཕྱིར་འཕེན་གྱིན་ཡོད།།
༢༠༡༣།༠༦།༡༠ ཞོགས་པ།
Comments