དགྲ་བོ་ཞིག་ནང་ལ་བསུ་ཚུལ།


འཛུམ་དམུལ་དམུལ་བྱེད་པ་དེ་བཅོས་མ་ཞིག་ཡིན་ནམ
སོ་དཀར་པོ་ཕྱི་ལ་སྟོན་པ་དེ་ཡང་རྫུན་མ་ཞིག་ཡིན་ནམ
གང་ལྟར  མགྲོན་པོ་ཞིག་སྤྲོ་བས་དེ་ལྟར་བསུ་ཚུལ་དེས
བདག་གི་སེམས་ན་དོགས་པའི་རི་བོ་ཞིག་བཞེངས་སོང
དེ་བཞིན་བདག་གི་ཉེ་ཕྱོགས་ཉེ་ཕྱོགས་ན་ཡོད་པ་ཚོ་ལ་ཡང
དེ་ལྟར་དོགས་པ་ཞིག་ཅིག་བསླངས་ཡོད་པ་འདྲ


མདུན་ངོས་དེ་ནས་གྲལ་སྟར་རིང་མོ་ཞིག་བསྒྲིགས་ཏེ
མེ་ཏོག་དང་དར་ཚོན་མང་པོ་ཞིག་འཆང་འདུག
གུས་འདུད་ཅིག་བྱེད་ཀྱིན་པའི་རྣམ་པ་དེ་ཡང
ཕྱི་ཚུལ་ཁོ་ན་མཚོན་པའི་སྦྱོར་བ་ཞིག་ཡིན་ནམ
ཡང་ན  དོན་དམ་གྱི་རེ་བ་ཞིག་ལ་མིག་གིས་ཅེར་གྱིན་ཡོད

ཁ་བརྡ་ཞིག་གི་འགོ་དལ་གྱིས་བརྩམས་རྗེས
མཇུག་མ་ཟིན་གོང་ནས་གཞན་ཞིག་གླེང་སོང་བ་ཡང
དགའ་བ་དང་མཛའ་བརྩེ་མཚོན་བྱེད་དུ་ཡིན་ནམ
ཡང་ན   དོགས་པ་དང་དངང་སྐྲག་ཅིག་གིས་བསྐུལ་བ་ཡིན
དེ་ན་ད་དུང་ཡང་དོགས་པ་མང་པོ་ཞིག་སྤུངས་ཡོད་ངེས
༢༠༡༣།༠༥།༢༠ ཉིན།

Comments

Popular posts from this blog

སྒྲུང་ཐུང་བོད་སྒྱུར་མ། (༦-༡༠)

མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས།

ཀ་བཤད་དྲི་མ་ཅན།