པར་རིས་ཀྱི་ཕྱུགས་རྫི
རྟ་དང་ནོར་ལུག་མང་པོས་སྐར་ཚོམ་ལྟར་བསྒྲིགས་ཤིང
ཆུ་གཞུང་རིང་མོ་ཞིག་ཀྱང་ཁུ་སིམ་མེར་ཉལ་ཚུལ་དེས
སྔོ་ལྗང་གི་རྩ་ཐང་དེ་ན་མཐའ་དག་བབས་ཆགས་ཤིག་ཡིན་རྒྱུ་རེད
ཉེ་ས་ན་ཁྱིམ་གཞིས་གྲོན་མོ་ཞིག་དེ་ལྟར་ཆགས་ཚུལ་ལ་བསམས་ན
རྫི་བོ་ཕོ་མོའི་སེམས་པ་ཡང་ཇི་འདྲའི་བབས་ཆགས་ཤིག་ཡིན་ངེས་ཨང
མི་ལོ་བཅུ་གྲངས་ཀྱི་ཡར་སྔོན་ཞིག་ན་ བདག་གིས་ཀྱང
རྩ་ཐང་འདི་ནས་བསྡད་མྱོང་ཞིང་ ནོར་དང་ལུག་ཁྱུ་ཡི་རྗེས་བསྙེགས་ནས
རྫི་བོ་ཟེར་བའི་མིང་གི་ཐོབ་སྐལ་བླངས་མྱོང་ཡང
ད་ལྟ་བདག་གིས་ས་མཐའ་འདི་ནས་ པར་དང
དྲན་རིས་གྱི་ཀློང་ནས་ནོར་ལུག་འཚོ་བཞིན་ཡོད
པར་རིས་ཀྱི་ཕྱུགས་རྫི་དང་ རྩ་ཐང་གི་ཕྱུགས་རྫི་གཉིས
བདག་གི་མི་ཚེ་འདིའི་ཆེས་བརྗེད་པར་དཀའ་བའི་འགྲུལ་བཞུད་ཡིན
༢༠༡༣།༠༥།༠༩
ཉིན།
Comments