ཕ་ཡུལ་གཅིག་པ་ཚོར་སྐད་འཕྲིན་ནས་ཁ་སྐད་ཀྱིས་གདམས་པ།
ཀ་ཡེ་གསན་དང་ཡུལ་གྲོགས་སྤུན་ཟླ་ཚོ།། ཁ་ཙམ་མིན་པར་སེམས་ཀྱི་གཏམ་ཞིག་ཡོད།། ག་ས་གང་དུ་གནས་པའི་ས་ཕྱོགས་ནས།། ང་ཚོའི་ཡུལ་གྱི་མཛེས་སྡུག་མ་བརྗེད་ཨང་།། ཅ་ཅོའི་གཏམ་ངན་ལན་རེ་བཤད་རེས་ཀྱིས།། ཆ་ལུགས་བཟང་པོའི་འདུ་ཤེས་མ་འདོར་རོགས།། ཇ་ཆང་རྩམ་པས་འཚོ་བའི་ལོ་ཡུལ་དུ།། ཉ་ཁྱུ་འཛོམས་པའི་སྨོན་ལམ་འདེབས་རོགས་ཨང་།།