Posts

Showing posts from February, 2013

མེས་པོ་སྔ་པ།

Image
(དེ་རིང་ངས་འདི་ལྟར་གླུ་ཞིག་ལེན་ན་འདོད།) བོད་ཡུལ་གོང་བུའི་རྩ་བ།། ངས་པོ་ཡུལ་ལུང་ནས་འཛུགས་མཁན།། བློན་པོ་དབས་དང་འཛིན་ཟུང་།། བསམ་བློ་པ་ཡི་སྔ་པ།།                     མེས་པོ་འདི་གཉིས་བོད་ཀྱི་མཛེས་རྒྱན་ཡིན།                    སྤུན་ཟླ་ཚོས་སེམས་ཁོང་ནས་ཉར་རོགས་ཨང་། སྟོད་སྨད་བར་གསུམ་བསྡུས་ནས།། བོད་ཁམས་གཅིག་ཏུ་སྒྲིལ་མཁན།། ཆོས་རྒྱལ་སྲོང་བཙན་སྒམ་པོ།། ཁྲི་འཛིན་པ་ཡི་སྔ་པ།།                         མེས་པོ་འདི་ཉིད་བོད་ཀྱི་བླ་སྲོག་ཡིན།                         ཕུ་ནུ་མིང་སྲིང་ཚོས་ནམ་ཡང་མ་རྗེད་ཨང་། ཤེས་རིག་ནོར་བུའི་བང་མཛོད།། འཕགས་པའི་ཡུལ་ནས་འདྲེན་མཁན།། དྲིན་ཆེན་ཐོན་མི་...

ཕ་སྐད་ཉིན་མོའི་བྱུང་རིམ་དང་དགོས་པ།

Image
འཛམ་གླིང་ཕ་སྐད་ཉིན་མོ་ནི་ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་འཛམ་གླིང་རྒྱ་ཁྱབ་ཏུ་སྐད་རིགས་འདྲ་མིན་ལ་ དོ་སྣང་དང་། མི་ཉམས་རྒྱུན་འཛིན་། གོང་སྤེལ ་བཅས་ ཡོང་ཆེད་སྲུང་རྩི་བྱེད་ཀྱི་ཡོད། དེ་ཡང་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་དང་། ཚན་རིག  ཤེས་ཡོན་ཚོགས་པ་(UNESCO) ཡིས་ཕྱི་ལོ་ ༡༩༩༩ ཟླ་ ༡༡ ཚེས་ ༡༧ ཉིན་གསལ་བསྒྲགས་བསྐྱངས་པ་དང་། དེ་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ངོས་ལེན་དང་ཕྱི་ལོ་ ༢༠༠༨ དེ་བཞིན་གོ་ལ་ཧྲིལ་པོའི་ཕ་སྐད་གཙང་མའི་ལོ་ཞིག་ལ་ངོས་འཛིན་ཞུ་རྒྱུའི་གྲོས་ཆོད་ཀྱང་བཞག་ཡོད་པ་རེད།             ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༢ རྗེས་ནས་འཛམ་གླིང་ཕ་སྐད་ཉིན་མོ་དེ་བཞིན་ལོ་ལྟར་སྐད་རིགས་འདྲ་མིན་ལ་དོ་སྣང་དང་། མི་ཉམས་རྒྱུན་འཛིན་། གོང་སྤེལ་ཡོང་བ་བཅས་ཀྱི་ཆེད་སྲུང་རྩི་ཞུ་གི་ཡོད་ཅིང་། ཉིན་མོ་དེས་ཕྱི་ལོ་ 1952 ལོར་ པ་ཀ་སིཏན་ཤར་མའི་ནང་སློབ་ཕྲུག་ཚོས་རང་ཉིད་ཀྱི་ཕ་སྐད་བྷང་གལ་(ཟ་ཧོར་)གྱི་སྐད་དེ་བཞིན་པ་ཀི་སིཏན་གྱི་སྐད་ཡིག་གཉིས་པ་ལྟ་བུར་ངོས་འཛིན་ཡོང་ཆེད་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ད་ལྟའི་བྷང་གལ་གྱི་རྒྱལ་ས་དྷ་ཀ་ཞེས་པའི་ས་ཆ་དེར་ཉེན་རྟོག་པས་མེ་མདའ་བརྒྱབ...

དེ་རིང་གི་ང་རང་།

ཤ་ཁྱི་སྒོ་ཁར་བཏགས་ན་སྟག་མཆོང་མཆོང་།། ལ་ཁར་རྔོན་ལ་བཏང་ན་ཝ་ངུ་ངུ་།། མི་བུ་ཁྱིམ་དུ་བསྐྱངས་ན་དཔའ་ངོམ་ངོམ།། སྒོ་ཕྱིར་ལས་ལ་བསྐུལ་ན་ངུ་ཤོར་ཤོར།། སྤྲ་རྒན་རིགས་དང་ཕྲད་ན་གཟིག་ངར་ངར།། གཅན་གཟན་གུང་དང་ཐུག་ན་ཡོས་བྲོས་བྲོས།། མི་རྒན་ནང་མོལ་བྱེད་སར་སྤུ་ལོང་ལོང་།། གཡུལ་སར་དམག་གྲལ་སྒྲིག་དུས་འདར་སིག་སིག།