Posts

Showing posts from May, 2013

དགྲ་བོ་ཞིག་ནང་ལ་བསུ་ཚུལ།

འཛུམ་དམུལ་དམུལ་བྱེད་པ་དེ་བཅོས་མ་ཞིག་ཡིན་ནམ སོ་དཀར་པོ་ཕྱི་ལ་སྟོན་པ་དེ་ཡང་རྫུན་མ་ཞིག་ཡིན་ནམ གང་ལྟར   མགྲོན་པོ་ ཞིག་ སྤྲོ་བས་ དེ་ལྟར་བསུ་ཚུལ་ དེས བདག་གི་སེམས་ན་དོགས་པའི་རི་བོ་ཞིག་བཞེངས་སོང དེ་བཞིན་བདག་གི་ཉེ་ཕྱོགས་ཉེ་ཕྱོགས་ན་ཡོད་པ་ཚོ་ལ་ཡང དེ་ལྟར་དོགས་པ་ཞིག་ཅིག་བསླངས་ཡོད་པ་འདྲ

ཟུང་ལྡན་རྒྱན་གྱི་གནད་འགག་བཤད་པ།

མུ་འགོད། ད་ནི་ཟུང་ལྡན་ལ་གནད་འགག་འགའ་ཞིག་འཆད་རྒྱུ་རེད། དེ་ཡང་ཇི་ལྟར་རྩོམ་པར་སྟོན་པའི་གཞུངས་ལུགས་ཐར་ཆགས་སུ་བཀོད་པའི་བསྟན་བཅོས་ཤིག་གི་ངོ་ཐོག་ནས་བཤད་ན། བཀག་རྒྱ་དང་ཁྲིམས་ལུགས་གང་མང་ཞིག་ཡོད་པ་ནི་ཆོས་ཉིད་དུ་གྲུབ་འདུག   ཆོས་ཉིད་དེས་ང་ཚོར་རན་མིན་སོགས་མང་པོ་ཞིག་གི་ཐོག་ནས་གནས་ལུགས་ཡོད་པའི་ལམ་བུ་རེ་སྟོན་གྱིན་ཡོད་ཀྱང་། ལྷན་དུ་ང་ཚོའི་ཤེས་རབ་ཀྱི་ཕོ་ཉ་མུན་ཁུང་དུ་བསྡམ་བཀྱིག་བྱེད་བཞིན་ཡོད། དེ་ལྟར་སྙན་ངག་གི་རྩོམ་གཞུང་མེ་ལོང་མར་གྲགས་པ་འདི་ཡང་ཚད་བཀག་དེ་འདྲ་ཞིག་ལས་ཐར་མེད་པ་ནི། འབྲེལ་འདྲིས་ཡོད་པ་ཕལ་ཆེར་གྱིས་དྲན་ཚོད་ཡིན་པས་བདག་གིས་སླར་དྲན་སྐུལ་གྱི་ངལ་བ་ལེན་ན་མི་འདོད། དེས་ན་ཐད་ཀར་སྐབས་ཀྱི་བཤད་བྱའི་ཐོག་བསྐྱོད་པར་བྱ། ཐོག་མར་སྦྱོར་ཚུལ་གྱི་སྟེང་ནས་དཔྱད་ན།

པར་རིས་ཀྱི་ཕྱུགས་རྫི

Image
རྟ་དང་ནོར་ལུག་མང་པོས་སྐར་ཚོམ་ལྟར་བསྒྲིགས་ཤིང ཆུ་གཞུང་རིང་མོ་ཞིག་ཀྱང་ཁུ་སིམ་མེར་ཉལ་ཚུལ་དེས སྔོ་ལྗང་གི་རྩ་ཐང་དེ་ན་མཐའ་དག་བབས་ཆགས་ཤིག་ཡིན་རྒྱུ་རེད ཉེ་ས་ན་ཁྱིམ་གཞིས་གྲོན་མོ་ཞིག་དེ་ལྟར་ཆགས་ཚུལ་ལ་བསམས་ན རྫི་བོ་ཕོ་མོའི་སེམས་པ་ཡང་ཇི་འདྲའི་བབས་ཆགས་ཤིག་ཡིན་ངེས་ཨང