ཉེ་ཆར་གྱི་བསྒྱུར་རྩོམ་ཚན་པ་གཉིས།
I have been a wanderer long བདག་ནི་ཡུན་རིང་གི་མགྲོན་པོ་ཞིག། ཇེ་ཏུ་ཀྲི་ཤི་ན་མུར་ཏི། རིགས་གྲོལ་གྱིས་བསྒྱུར། མི་རྟག་(སྒྱུ་མའི་)འཇིག་རྟེན་འདི་ཡི་ནང་།། བདག་ནི་ཡུན་རིང་ཞིག་གི་མགྲོན་པོ་འོ།། ཡིད་དུ་འོང་བའི་འཇའ་ཚོན་ཇི་བཞིན་དུ།། འཕྲལ་ཀྱི་བདེ་བ་འཇིག་པ་རྟོགས་གྱུར་ཅིང་།། མྱུར་དུ་སྟོང་པའི་དབྱིངས་སུ་ཡལ་བ་ཡི།། (རང་བཞིན་)དེ་ཡང་བདག་གིས་རྟོགས་ཡོད་དོ།།